Wednesday, 23 January 2013

Publication 2013

Book coverDetails
Title: सद् हृदय
Author: रचयिता- परम पावन चौदहवें दलाई लामा
Translated By: अनुवादकर्ता- प्रो0 परमानन्द शर्मा
Description: इक्किसवीं शताब्दी में प्रवेश करते समय हमारे लिये धार्मिक परम्परायें आज भी उतनी ही सार्थक हैं जितनी कभी पहले थीं । तिस पर भी, अतीत की तरह आज भी भिन्न-भिन्न धार्मिक परम्पराओं के बीच टकराव एवं समस्यायें पैदा होती रहती हैं । यह बहुत ही दुर्भाग्यपूर्ण है । इस स्थिति पर काबू पाने के लिये हमें भरसक प्रयास करना चाहिये । मेरे अनुभव के अनुसार, इन झगड़ों पर काबू पाने की सबसे प्रभाविक विधि है भिन्न-भिन्न धर्मों के बीच निकट सम्पर्क, ऐसे सम्पर्क की प्रक्रिया मात्र बौद्धिक स्तर पर नहीं बल्कि गहन आध्यात्मिक अनुभवों के आधार पर भी महत्त्वपूर्ण है, आपसी सूझ-बूझ तथा समादर का भाव पैदा करने हेतु यह एक सशक्त विधि है । इस प्रकार के आदान-प्रदान द्वारा समुचित समरसता की दृढ़ नींव स्थापित की जा सकती है । मेरी धारणा है कि विभिन्न धार्मिक परम्पराओं में समरसता महत्त्वपूर्ण एवं परमावश्यक है । मेरा सुझाव है कि अलग-अलग धार्मिक पृष्ठभूमि वाले बुद्धिजीवियों के बीच सम्मेलनों को प्रोत्साहन दिया जाना चाहिये ताकि वे अपनी-अपनी परम्पराओं की समानताओं तथा असमानताओं को पहचान सकें । और भिन्न-भिन्न परम्पराओं के वे लोग जिन्हें कुछ गहन आध्यात्मिक अनुभव प्राप्त हुये हों आपस में मिलें । यह ज़रूरी नहीं कि वे प्रकाण्ड विद्वान् हों, हाँ, वे विशुद्ध चर्यावान् ज़रूर हों जो परस्पर एक साथ बैठें तथा धर्म चर्या जनित अपनी उपलब्धियों को साँझा करें । मेरे स्वयं के अनुभव के अनुसार सीधे तथा सार्थक रूप में एक दूसरे के प्रबोधन हेतु यह एक सशक्त तथा प्रभावी तरीक़ा है ।
Cost: Rs: 95/-
Title: སངས་རྒྱས་ཆོས་ལུགས་ལ་རྣམ་དཔྱོད་ཅན་གྱི་གཟིགས་ཚུལ།
Author: དགེ་སློང་ཀེ་ ཤྲི་ དྷར་མ་ནཱན་ད་མཆོག་གིས་ཕྱོགས་སྒྲིག་མཛད།
Description: ་༄༅། །སངས་རྒྱས་ཆོས་ལུགས་ལ་རྣམ་དཔྱོད་ཅན་གྱི་གཟིགས་ཚུལ་ཞེས་པའི་མཚན་བྱང་འཁོད་པའི་ཕྱག་དེབ་ཆུང་ངུ་འདི་ནི། འཛམ་བུ་གླིང་གི་གྲགས་ཅན་མཁས་དབང་ཁག་གཅིག་གིས་ནང་པ་སངས་རྒྱས་པའི་ཆོས་དེ་ཇི་འདྲ་ཞིག་ཏུ་རྟོགས་ཡོད་པ་གསལ་བར་སྟོན་པའི་བརྩམས་ཆོས་ཐོར་བུ་འགའ་བསྡུ་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན། རྩོམ་པ་པོ་འདི་དག་ནི། ཚན་རིག་དང་། ཆབ་སྲིད། ལྟ་གྲུབ་དང་། ཆོས་ལུགས་ལ་སོགས་པའི་ཤེས་ཡོན་དང་རིག་གཞུང་གི་རྒྱབ་ལྗོངས་སྣ་ཚོགས་ཡོད་པའི་རྣམ་དཔྱོད་ཅན་ཤ་སྟག་ཡིན་ནའང་ཁོང་ཚོའི་ཁྲིད་དུ་ནང་པ་ཡིན་མཁན་ནི་རེ་ཟུང་ལས་མེད། འོན་ཀྱང་། འདི་དག་ཕལ་མོ་ཆེས་རང་གི་འཚོ་བའི་མྱོང་ཚོར་དང་། ལོ་མང་ཤེས་བྱའི་གནད་འདྲ་མིན་སྣ་ཙོགས་ཤིག་ལ་སློབ་གཉེར་མཛད་པའི་མཐའ་སྡོམ་ལྟ་བུར། ནང་ཆོས་ནི་ཆེས་ཁྱད་པར་དུ་འཕགས་ཤིང་ཚན་རིག་དང་ཡང་འགྲོས་མཐུན་ལ། དུས་ཀྱི་འཕོ་འགྱུར་དང་ཡང་བསྟུན་ཐུབ་པའི་ཆེས་ཁྱད་ནུས་ལྡན་པའི་ཆོས་ལུགས་ཤིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་འདིས། ནང་ཆོས་ནི་ཆེས་ཁྱད་དུ་འཕགས་པའི་ཆོས་ལུགས་ཤིག་ཡིན་པ་གསལ་བར་བསྟན་ཡོད། དེས་ན་ཕྱག་དེབ་ཆུང་ངུ་འདིས་རྒྱ་ཆེའི་གཟིགས་པ་པོ་རྣམས་ལ་རྒྱལ་སྤྱིའི་ཡོངས་གྲགས་མཁས་དབང་ཁག་གིས་ནང་པ་ལ་ལྟ་སྟངས་གང་འདྲ་ཡོད་མེད་མཁྱེན་རྟོགས་མི་དམན་པ་ཞིག་སྟེར་ངེས།།
Cost: Rs: 95/-
Title: རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་གི་ཆོས་འབྱུང་དང་གདན་རབས།
Author: ག་ཟི་དགེ་བཤེས་ཚེ་རིང་པོ།
Description: ་༄། །ལོ་རྒྱུས་ཆེན་མོ་རྣམས་སུ་ལྟ་བར་མི་ཁོམ་པ་དང་ཤེས་ཚད་ཀྱིས་མི་ལྡང་བ། དེ་བཞིན་རིན་བྲལ་ཆོས་ཀྱི་བྱུང་བ་འདི་དག་ལ་ཤིན་ཏུ་དད་པའི་རང་རིགས་གངས་ཅན་པ་རྣམས་ཀྱི་ཆེད་དུ། འབྲེལ་ཡོད་ཆོས་འབྱུར་ལོ་རྒྱུས་མི་ཉུང་བ་ཞིག་ལས་གུང་བསྒྲིགས་ཏེ་བདེ་བླག་ངང་མང་ཚོགས་ཀྱི་མདུན་དུ་སྤྱན་བསྟར་ཞུ་སླད། རྩོམ་པ་པོས་དཔལ་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་གི་ཆོས་འབྱུང་དང་གདན་རབས་བསྐལ་བཟང་རྒྱས་སྟོང་རྩ་གཉིས་ཀྱི་བྱིན་རླབས་ཀྱི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ། ཞེས་བྱ་བའི་ཆོས་འབྱུར་དང་གདན་རབས་འདི་ཉིད་རྩོམ་སགྲིག་གནང་བ་ཞིག་ཡིན་ན། རིག་གཞུང་ལ་དུང་བ་ཟབ་པའི་ཀློག་པ་པོ་རྣམས་ལ་ཕན་ཐོགས་ངེས་ཅན་ཡོང་བའི་རེ་བ་དང་བཅས་མཚམས་སྦྱོར་མདོར་བསྡུས་སོ།།
Cost: Rs: 250/-
Title: Mind and Matter (Cosmology and Consciousness)
Exchanges b/w Buddhist Schoars and Indian and Western Scientists
Description: Human consciousness not only conceives of this Universe, but also observes its nature. Human consciousness looks out into the cosmos and tries to make sense of the Universe we inhabit. Our theories about the physics of the Universe were created by our brains and minds. And it is incredible that single individuals, through thinking, can invent a theory that describes the whole Universe. Yet, as we explore the outer limits of the Universe, can our thinking also lead us to examine our own capacity to understand? Are there some profound connections between the inner dynamics of our mind and the outer structure of what we call physical reality, including perhaps the large-scale nature of the Universe, and the smallest scales of the quantum? The purpose of this conference was to humbly explore these intersections through dialogue and informal exchanges.
Cost: Rs: 290/-
Title: ཆོས་ལུགས་ཀྱི་མཚམས་ལས་འདས་པ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།
Author: ༸གོང་ས་ཏཱ་ལའི་བླ་མས་མཛད།
Description: སྔོན་ཆད་བྱུང་མྱོང་མེད་པའི་གལ་ཆེའི་བྱུང་བ་ཞིག་ནི། མི་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་སྤྱི་བོའི་གཙུག་ཏུ་བཀུར་ནས་ཡི་རང་ཚད་མེད་ཞུ་སའི་འཛམ་གླིང་ནང་གི་ཆོས་ཀྱི་དབུ་ཁྲིད་གཅིག་གིས། དམིགས་བསལ་ཆོས་ལུགས་ལ་མ་ལྟོས་པར་བཟང་སྤྱོད་དང་། བདེ་སྐྱིད། སེམས་དོན་བཅས་དང་མཐུན་པའི་མི་ཚེ་སྐྱེལ་བའི་ཐབས་ལམ་གསལ་སྟོན་གནང་ཞིང་། འགྲོ་བ་མིའི་རིན་ཐང་གཙོ་བོ་དེ་རྒྱུད་ལ་སྐྱེད་ཆེད་བློ་སྦྱོང་གི་གནད་འགག་ངོ་སྤྲོད་མཛད་ཡོད།
ལོ་ངོ་བཅུའི་སྔོན། བྲིན་ཁ་རྒྱུག་ཤོས་ཆགས་པའི་སྟོང་ལོ་གསར་པའི་བཟང་སྤྱོད་ཅེས་པའི་དཔེ་དེབ་དེའི་ནང་། ༸གོང་ས་སྐྱབས་མགོན་༸ཏཱ་ལའི་བླ་མ་མཆོག་གིས་ཐོག་མར་ཆོས་ལུགས་ཀྱི་རྩ་འཛིན་ལས་ལྡོག་སྟེ། ཡོངས་ཁྱབ་ཀྱི་རྩ་དོན་ཐོག་གཞི་བཞག་ནས་བཟང་སྤྱོད་ལ་འཇུག་པའི་ཐབས་ཞིག་ལམ་སྟོན་མཛད་ཡོད། ད་ཆ་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པའི་དཔེ་དེབ་འདིའི་ནང་། ༸གོང་ས་མཆོག་ནས་ཐུགས་སྙིང་རྗེ་ཆེན་པོས་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐབས་ལམ་ཐད་གང་གི་དགོངས་པ་རྒྱས་བཤད་དང་གཏིང་ཟབ་པོར་འགྲེལ་བརྗོད་གནང་ཡོད། ཆོས་ལུགས་ཀྱི་དམག་འཁྲུག་ཙམ་ལས་བརྒལ་ནས། ང་ཚོ་ཐུན་མོང་གི་འཛམ་གླིང་ཆེད་ཆོས་ལ་མཐའ་གཅིག་ཏུ་གུས་བརྩི་བྱེད་མཁན་གྱི་བཟང་སྤྱོད་ཀྱི་རྣམ་གཞག་ཅིག་སྙིང་པོར་བསྡུས་ནས་མཛད་ཡོད།
གོ་རྟོགས་དང་ཕན་ཚུན་གཉིས་མོས་ཀྱི་གུས་བརྩིའི་ཐོག་གཞི་བཞག་སྟེ་བཟང་སྤྱོད་དང་བདེ་སྐྱིད་ལྡན་པའི་གོ་ལ་ཡོངས་ཀྱི་མིའི་སྤྱི་ཚོགས་སུ་འཁྲིད་བྱེད་མགོན་པོ་གང་གིས་གསུང་བཞིན་པའི་ལམ་གསུམ་པ་ཞེས་པའི་ཐོག་ནས་གཡོ་འགུལ་ཐེབས་པའི་འབོད་སྐུལ་མཛད། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པའི་དཔེ་དེབ་འདི་བཞིན་༸གོང་ས་མཆོག་གི་གསུང་བཤད་གལ་འགངས་ཆེན་པོ་ཞིག་ཡིན་ཞིང་། ཆོས་ལུགས་ཀྱི་སྲོལ་རྒྱུན་ཐོག་ནས་ངོས་འཛིན་བྱ་རྒྱུར་འདམ་ག་མི་བྱེད་མཁན་རྣམས་ལ་འཆར་གཞི་ཞིག་ཡིན་པ་མ་ཟད། ཞི་བདེ་དང་ལྡན་པའི་འཛམ་གླིང་ཞིག་སྐྲུན་པར་འབད་བརྩོན་བསྟེན་པ་དང་ནང་བསམ་བློའི་ཐོག་ནས་འདོད་པ་ཁེངས་ངེས་ཀྱི་མི་ཚེ་ཞིག་ཡོང་བར་ལམ་སྟོན་མཛད་ཡོད།།
Cost: Rs: 190/-
Title: འདོད་པའི་ཚོམས་དང་སྲེད་པའ་ཚོམས་གཉིས་ཀྱི་རྣམ་པར་འགྲེལ་པ།
Author: སློབ་དཔོན་ཤེས་རབ་གོ་ཆ།
Description: ༄༅། །ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ཞེས་བྱ་བའི་བསྟན་བཅོས་འདི་ནི། སློབ་དཔོན་ཆེན་པོ་པྲཛྙཱ་ཝརྨས་མཛད་པ་སྟེ་བསྟན་བཅོས་ཀྱི་ཐོག་མའི་གྲས་ཤིག་ཏུའང་སྣང་ཞིང་། བརྒྱ་ཕྲག་བཅུ་གཅིག་པའི་ནང་པཎྜི་ཏ་ཇནཱར་དྷན་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཤཱཀྱ་བློ་གྲོས་རྣམ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་གོ །སྤྱིར་ན་ཚོམས་ཀྱི་རྣམ་པར་འགྲེལ་པ་འདི་ཉིད་ཕྱག་དཔེ་མདའ་ཚད་མ་གཉིས་ཀྱི་བོངས་ཚད་དུ་བཞུགས་ཡོད་པས། དེབ་རེ་རེར་བཀོད་ན་ཅུང་ཟད་མཐུག་པའི་རྐྱེན་གྱིས་ཀློག་སྤྲོ་བ་ལ་གེགས་བྱེད་པར་བསམ་སྟེ། འདི་ནས་དེབ་ཕྲེང་ཆེ་ཆུང་སྙོམ་པོར་འགོད་པར་དམིགས་ནས་འདོད་པའི་ཚོམས་དང་སྲེད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་འདི་ཁོལ་བྱུང་གིས་ནང་ཆོས་དེབ་ཕྲེང་བཅུ་གཉིས་པའི་ངོ་བོར་དཔར་སྐྲུན་ཞུས། གཞུང་འདི་རུ་དུས་རྒྱུན་འུ་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ན་མཚམས་མི་ཆད་པར་མིག་མཐོང་ལག་ཟིན་གྱིས་མཐོང་རྒྱུ་ཡོད་པ་དག །ཟུར་འདོན་ར་སྤྲོད་ཀྱི་ལམ་ནས་གསུངས་འདུག་པས་ཀློག་པ་པོའི་སེམས་ལ་ཕན་ཆེ་བ་མ་ཟད། གཞུང་འདིའི་ཚིགས་བཅད་ཕལ་མོ་ཆེའི་འགྲེལ་པའི་སྐབས་སུ། སྐབས་བབ་ཀྱི་གདམས་པ་དེ་དག་གསུངས་དགོས་པའི་གླེང་གཞི་དང་། གསུང་ཡུལ། མི་སྣ་དང་། བྱུང་རབས་སོགས་གསལ་བར་བཀོད་ཡོད་སྟབས། གཞུང་འདིར་ལྟ་ཀློག་བྱས་པ་དང་མཉམ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་རྣམ་ཐར་དག་ཀྱང་ཞོར་དུ་ངེས་ཐུབ་པ་ཞིག་ཡོད་པས་གཅིག་གོ་བཅུ་ཆོད་དུ་གྲུབ་འདུག་གོ།
Cost: Rs: 130/-
Title: སྤྱང་ཀི་ས་དོང་ནང་དུ་ལྷུང་བའི་སྒྲུང།
Art by: ཟི་རོ་ནི་ཀ་ལིའོ།
Translated: བསོད་ནམས་རྒྱ་མཚོ་
Description:
Cost: Rs: 100/-
Title: རི་བོང་ཅལ་འདྲོགས།
Art by: ཟི་རོ་ནི་ཀ་ལིའོ།
Translated: ཚེ་རིང་ནོར་བུ
Description: བློ་ཁོག་མེད་པའི་རི་བོང་དང་སྤྱང་གྲུང་ལྡན་པའི་སེང་གེའི་སྒྲུང་འདི་སྟོན་པའི་སྐྱེས་རབས་ལས་བྱུང་བའི་གཏམ་རྒྱུད་ཅིག་ཡིན། གཏམ་རྒྱུད་དེ་དག་ནི་ཧ་ཅང་རྙིང་པ་ཡིན་ཞིང། ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་བ་དང། ཡེ་ཤུ་མ་ཤི་ཀའི་གོང་དུ་མི་ལོ་ ༥༠༠ སྔོན་བྲིས་པ་ཞིག་ཡིན་། སྐབས་དེར་ནང་ཆོས་ནི་རྒྱ་གར་གྱི་ཆོས་ལུགས་གཙོ་བོ་དེ་ཡིན། སྐྱེས་རབས་ལས་བྱུང་བའི་གཏམ་རྒྱུ་རྣམས་གཟུགས་རྒྱན་གྱི་རྣམ་པར་སངས་རྒྱད་ཉིད་ཀྱི་གསུགས། དེ་དག་གིས་འགྲོ་བ་མིའི་བྱ་སྤྱོད་དང་དེའི་འབྲས་བུའི་དབར་གྱི་འབྲེལ་བ་སྟོན་ཞིང། ལས་ལ་འཇུག་པར་རྣམ་དཔྱོད་དང་བྱམས་བརྩེ་ལྡན་པའི་ཐབས་ལམ་ཞིག་ཡོང་བར་བློ་སྟོབས་སྤེལ་ཕྱིར་གསུངས།
Cost: Rs: 105/-
Title: Speak Fluent Tibetan (2nd Edition)
Author: Dr. Chok Tenzin Monlam
Description: Speak Fluent Tibetan is a researched and tta1led work done at the Library ofTibetn Works and.Archives for the last four years. The students love this book for the progress of their spoken Tibetan. Learning a new language can be daunting. However, by:easi1y mastering sorne basic speech patterns, and then using them in our day-to-daÿ life, were soon able to gain the confidence and inspiration we need to go further on the journey. The besçway to learn to speak Tibetan is by speaking Tibetan! So how can we begin speaking Tibetan m’a manner that is at once fluent, ir’teresting and coherent? My simple answer is this: you can learn Tibetan just as children acquire and learn their mother tongue,• through the process öf open listening nd repeating. You will enjoy this method for learnincr Tibetan, just as a Tibetan child learns to speak. The proceš’s is simple, accessible and above all, practical. You just listen attentively to your teacher or the recordlnrs) and repeat what you hear. It is logica1 and easy to grasp, as you wi1I soon discover. In this way, yoù will be able to speak useful Tibetan in no time at all.
Cost: Rs: 390/-
Title: A Hundred Customs and Traditions of Tibetan People
Author: Sagong Wangdu
Translated: Tenzin Tsepak
Description: A Hundred Customs and Traditions of Tibetan People puts together everyday beliefs, practices, observations and mannerisms of living life enriched by thousands of years of spiritual consciousness. Though it is hard to condense the rich customs and traditions of Tibet into one topic, the author has tried to provide a clear insight into it. From ceremonial rites, auspicious days and symbols to everyday beliefs, Tibetan opera and various kinds of dance forms to the five schools of Tibetan Buddhism. The tradition of naming a newborn to marriage customs and finally to to funeral rites, the author covers major aspect of Tibetan customs and traditions in a nutshell.
Cost: Rs: 175/-
Title: Hindi Journal भोटवाणी
Volumn: 2013 वर्ष 4 अंक 1
Description: sतिब्बत से सम्बन्धित अध्ययन हेतु प्रकाशन
Cost: Rs: 180/-
Title: ༸རྒྱལ་དབང་སྐུ་ཐོག་གཉིས་ཀྱི་ཞབས་ཞུའི་བསྐལ་བཟང་ལ་ལོངས་སུ་སྤྱད་པའི་ལོ་རྒྱུས་ཚིག་ཐོ།
Author: ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས་བྱས།
Description: ༄༅། །རྩེའི་ཕྱག་ནང་ཇོ་ལགས་འཆི་མེད་མགོན་པོ་དམ་པས་གསུངས་པའི་རང་ཡུལ་སྙེ་མོ་ས་ཁུལ་གྱི་གནས་སྟངས་དང། རྟེན་རྙིང་གནས་དགོན་ཇི་བཞུགས། ཕ་ཁྱིམ་ཐོན་མདའ་སྨན་གྲོང་གི་སྐོར། ཡང་སྒོས་འཇམ་དབྱངས་ཐོན་མིའི་སྐུ་རྒྱུད་མཆེད་ཁུངས། ཐོན་མི་སཾ་བྷོ་ཊ་ཐོན་ལུག་ར་བསམ་འགྲུབ་སྒང་ཏུ་སྐུ་འཁྲུངས་པ་སོགས་ཀྱི་ལོ་རྒྱུས་དང། སྡེ་དཔོན་ཐོན་པ་བ་ཞེས་ཕོ་བྲང་དང་སྒོས་གཞིས་མངའ་ཐང། ཐོན་པ་མདའ་དཔོན་སྲི་ཆོད་ཚེ་བརྟན་ལགས་ཀྱི་སྐོར། ྋརྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་སྙེ་མོ་སྨོན་མཁར་རྫོང་ནས་བུ་ཕྲུག་བརྒྱ་ཕྲག་དྲག་འདེམས་ཁོངས་དབྱེ་ཕྲུག་ཏུ་ཚུད་དེ་སྤྱན་གླིང་ཕོ་བྲང་ཕྱག་སཾ་དང་། ཨེ་སྙེའི་ཡིག་འབྲིའི་ལས་དོན་ཞབས་འདེགས་བསྒྲུབས་པ། ྋསྐུ་གོང་མའི་འཆར་འཕར་ཆོས་སྲིད་མཛད་འཕྲིན་སྐྱོང་སྒོ་སྤྱི་དང། ཡང་སྒོས་སྐུ་བཅར་སྤྱན་གསལ་ཚ་རོང་ཟླ་དགྲམ་དང་། ཐུབ་བསྟན་ཀུན་འཕེལ་ལགས། ལུང་ཤར། རྣམ་གྲོལ་ལགས། བདེ་ཆེན་དབྱིངས་གསལ་ལགས་སོགས་ཀྱི་སྐོར། དགོངས་པ་ཆོས་དབྱིངས་སུ་རྣལ་ཁའི་མཛད་འཕྲིན་དང་། གཟིམ་ཆུང་ཁོར་ཡུག་གི་སྐུ་ཆས་སྐོར། ྋརྒྱལ་ཐོག་རྭ་སྒྲེང་གི་མགྲོན་དྲུང་དང། སྐུ་མཆེད་ཛ་སག་གི་ཕྱག་བྲིས་དགེ་རྒན་གཅིག་ལྕོགས་གིས་ཆོས་འཁོར་རྒྱལ་མཚོ་གཟིགས་སོགས་སུ་ལྷན་བཅར། རྫ་སྟོད་མཚན་ཉིད་སྤྲུལ་སྐུ་དང་སེངྒེ་སྒང་བླ་མ་སོགས་ཀྱི་ལུང་བསྟན་བཞིན་ྋརྒྱལ་ཐོག་དགོངས་ཞུས་སྟག་བྲག་བླ་བྲང་ལ་རྩིས་ཕུལ། བྱང་རྭ་སྒྲེང་ལ་ལྷན་བཅར་བླ་བྲང་འཛིན་སྐྱོང་སྲི་ཞུ་ཟབ་གཟེངས་སྙེ་མོ་བཀྲས་གཤོངས་དང་དྭགས་པོ་ལྷ་གསོལ་རྫོང་སྡོད་བསྐོ་གཞག ྋརྒྱལ་ཟུར་དབུ་ཉེས་ཡོང་རྐྱེན་དང་། སྐབས་དེའི་སྲིད་བློན་དང་བཀའ་ཤག་སོགས་མི་དྲག་སྤྱི་དང། བྱེ་བྲག་ཆུ་བྱི་རྒྱ་དམག་ཕྱིར་ཕུད་སྐབས་མཁན་དྲུང་བྱམས་པ་བསྟན་དར་དང། རྩིས་དཔོན་ཁྲི་སྨོན་པའི་མཛད་རྗེས། ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་ཡང་སྲིད་གདན་ཞུས་གསེར་ཁྲིར་མངའ་གསོལ་ལོ་བཅུ་ཕྲག་སོང་རྗེས་བཀའ་བློན་ཁག་གཅིག་གིས་འཕོ་འགྱུར་ཡོ་ལང་བཟོ་རྩིས་བྱས་པ། མཛོད་ྋསྦུག་གི་གསེར་དངུལ་སྒང་ཏོག་ཏུ་དབོར་སྐྱེལ་མཛད་འབྲས་བྱེས་འབྱོར་གཞུང་མང་གི་བདེ་ཇུས་རྨང་གཞིར་ཐུགས་ཕན་གསོས་པ། རྒྱ་མི་བོད་སླེབས་རྗེས་ལམ་བཟོའི་གླ་དངུལ་སྤྲོད་བྱེད་བོད་དངུལ་འབུམ་ཕྲག་དཔར་འདེབས་རྡཱ་ཡང་དང་དངུལ་བརྗེས་བཀར་འཇུག་མཛད་ཀྱང། མཐར་བོད་གཞུང་གི་སྣོད་བཅུད་ཕྱག་རྫས་ཡོངས་རྫོགས་རྒྱ་མིས་ཇག་འཁྱེར་བྱས་པ་སོགས་ལོ་བརྒྱ་ཕྲག་གཉིས་ལ་ཉེ་བའི་དཔྱད་གཞིའི་ལོ་རྒྱུས་གལ་ཆེ་མི་ཉུང་ཙམ་གསལ།། །། 
Cost: Rs: 360/-
Title: སྒྱུ་རྩལ་གྱི་མཛེས་པའི་ཁམས་སུ་བཞུད་པ།
Author: ཨ་འཁོར་བཟོད་པ།
Description: ༄༅། །ངའི་དེབ་འདི་ནི་དགེ་རྒན་རྣམས་དང་སློབ་ཕྲུག་རྣམས་ཀྱི་ཆེད་བྲིས་པ་ཟིག་ཡིན་པས། བོད་ནང་གི་རབ་རིབ་དཔྱད་བརྗོད་འབྲི་མཁན་དག་གི་འབྲི་སྟངས་ལས་བརྒལ་ཡོད་ལ རྩོམ་རིག་ནི་སྟོང་པ་ཉིད་ཡིན་པ་ལྟ་བུའི་འུར་བ་དག་གི་གྲས་ནས་བུད་དེ། དཔྱད་གཞིའི་བརྩམས་ཆོས་དག་གི་ཐུན་མོང་མ་ཡིན་པའི་འབྲི་ཐབས་དག་ལ་མཛུབ་མོ་བཙུག་སྟེ་ཕྱིར་འདོན་གྱིས། སློབ་རྣསམ་ལ་འབྲི་ཐབས་ལམ་སྟོན་གཙོ་གནད་དུ་བཟུང་ཡོད། བོད་ཀྱི་རྩོམ་རིག་གི་འཕེལ་རིམ་དེའང་བུ་སློབ་རྣམས་ལ་བོད་ཀྱི་རྩོམ་རིག་ཅེས་པ་ཅི་ཞིག་ཡིན་པ་དང་ཇི་ལྟར་བྱུར་བ་ཤེས་རྟོགས་དང་ཞིབ་འཇུག་གི་ས་བོན་དུ་བཀྲམ་པ་ཡིན། ཏུང་ཧོང་གཏེར་ཡིག་གོ་བདེ་བར་ཕབ་པའམ་ལོ་རྒྱུས་ཡིག་ཆའམ། གནའ་བོའི་གཏམ་རྒྱུད་དེ་དག་ལ་སློབ་སྦྱོང་གོ་བདེ་ཡོང་ཕྱིར་བྲིས་པ་ཡིན།
Cost: Rs: 470/-
Title: བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ།
Author: ཝིག་ཊར་མན་སི་ཕིལ།
Translated: ཀརྨ་ཐུབ་བསྟན།
Description: རྩོམ་པ་པོ་ཝིག་ཊར་ལགས་ནས་དེང་དུས་ཚན་རིག་གི་བརྗོད་གཞི་གལ་ཆེ་ཁག དཔེར་ན། ཚད་རྡུལ་རྣམ་གཞག་དང་། ལྟོས་གྲུབ་རིག་པ། སྐ ར་དཔྱད་རིག་པ་སོགས་དང་། དེ་བཞིན་ནང་ཆོས་ཀྱི་སྙིང་དོན་སྟོང་ཉིད་ལྟ ་བ་དང་། སྙིང་རྗེ། མི་རྟག་པ་བཅས་ཀྱི་ནང་འགྲུལ་བཞུད་གཏིང་ཚུགས་པ་བྱས་ནས་ཕྱོགས་གཉིས་བར་མཐུན་ཕྱོགས་དང་འགལ་ཕྱོགས་ཇི་ཡོད་གོ་བདེའི་ལམ་ནས་གསལ་སྟོན་གནང་ཡོད། ལྷག་པར་དུ་སྟོང་ཉིད་ཀྱི་ལྟ ་བ་དང་ཚད་རྡུལ་རྣམ་གཞག་དབར་ལྟ ་ཚུལ་ཤིན་ཏུ་མཐུན་པའི་གནས་སྟ ངས་མཐོང་ཐུབ། དེ་བཞིན་དུ་རྒྱུ་འབྲ ས་ཀྱི་རྣམ་གཞག་ཐད་ནང་ཆོས་དང་ཚན་རིག་དབར་ལྟ ་ཚུལ་མི་མཐུན་པ་གསལ་པོ་ཡིན་པ་དང་ལྷག་པར་དུ་འགྲོ་བ་མི་ཚུད་པའི་སྲོག་ལྡན་སྤྱིའི་བྱུང་རབས་བཤད་པའི་འཕེལ་འགྱུར་གྱི་རྩ ་བ་ངེས་མེད་སྟེས་དབང་ཙམ་ལ་བརྟེ རྟེན་པ་དེ་ནང་ཆོས་ཀྱི་ལྟ ་ཚུལ་དང་ཤིན་ཏུ་འགལ་ལུགས་བཤད་ཡོད། ནང་ཆོས་དང་ཚན་རིག་དབར་མཐུན་ཕྱོགས་དང་འགལ་ཕྱོགས་གཉིས་ཀ་ཡོད་མིན་ལ་མ་ལྟོས་པར་འཇིག་རྟེ རྟེན་ཡོངས་ཁྱབ་ཀྱི་སྙིང་རྗེའི་བསམ་པ་དེ་ཚན་རིག་གི་ཁྱབ་འཕེལ་དང་ལྷན་དུ་མཉམ་སྐྱོད་ཐུབ་ཚེ་གོ་ལའི་བདེ་སྐྱིད་ལ་ཕན་ཐོགས་རླབས་ཆེ་སྒྲུབ་ཐུབ་ལུགས་དང་དེ་ལྟ ར་འབད་བརྩོན་དགོས་པའི་སྐུལ་མ་གནང་ཡོད།
Cost: Rs: 198/-
Title: Fifty Stanzas on the Spiritual Teacher
Author: Aryashura
Description: Fifty Stanzas on the Spiritual Teacher (formerly titled Fifty Stanzas on Guru Devotion ) by Aryashura is an indispensable text that deals with how to cultivate the proper relationship between a student and his or her Spiritual Teacher. This text along with the oral commentary by Geshe Ngawang Dhargyal have been ably translated by the LTWA trranlation bureau and revised by Dr. Alex Berzin.
Cost: Rs: 85/-
Title: People of the Prayer Wheel
Author: Parmananda Sharma
Description: People of the Prayer Wheel is a study of Tibetan and Tibetans right from the legendary days of religious kings to the present age. It describes their social and religious beliefs, spiritual development and the unfolding of the saga of Ganden Phodrang under the Great Fifth to the Thirteenth Dalai Lama and its renunciation by the democracy loving H.H. Tenzin Gyatso, the 14th Dalai Lama. The author also traces the background of Sino Tibetan relations through the centuaries and Tibet's occupation by the Chinese. Written in a simple and rary style 'People of the Prayer wheel' is totally free from scholastic jargon. Prof. Sharma is now permanently settled in Dharamsala
Cost: Rs: 260/-
Title: Gendun Chophel : Portrait of a Great Thinker
Author: compiled by Kirti Rinpoche
Description: Gendiin Chophel was seen as a mysterious Tibetan figure during his lifetime and it remained so for a long time even after his death. He was often projected negatively. This was attributed mainly to Tibetan people’s misconception about this man and lack of intellectual development in Tibetan society in those days. Lately, many scholars, both Tibetan and Westerners, have started taking keen interest in his life history. His works are searched and compiled. Books and articles about him are written. People who knew him personally are interviewed and oral accounts about him are collected and compiled. Gradually, the truths about this man are coming to light and the misconception about him is slowly going away. His fans are increasing. More and more people are showing interest in his biography and many scholars are searching for more information about him.
This volume contains recollections about Gendiin Chophel, a man with formidable intellect and strong patriotism, told by people who had known him closely or less intimately at various times during his life or had f1rst-hand information about him. Compiled by the 11th Kirti Rinpoche, the original Tibetan version was published in 1983 by the Library of Tibetan Works and Archives. The purpose of this English translation is to reach wider readership and provide an important source of information about Gendiin Chophel for his fans in general and scholars and others who want to do research on him. The following poem that he composed just before his death gives a glimpse of his life.
Cost: Rs: 240/-
Title: Freeing Yourself from the Cycle
Author: Geshe Palden Drakpa
Description: Freeing Yourself flom the Cycle is a compilation of Geshe Palden Drakpa’s four essays on Buddhist philosophy and practice. Thefirst two essays are on Buddhist philosophy and the rest are on Buddhist practice.
Dependent origination is the foundation of Buddhist philosophy and the theory is relevant to every aspect of existence,including that of our own. The essays on Buddhist philosophy also include an analysis of what creates sentient beings and the environments in which they live, and what protects sentient beings from different dangers. The remaining essays are on Buddhist practices of generating love and compassion for the benefit of others, engaging in virtuous practices for the benefit of all, and undertaking ritual practices such as offering prostrations and seek; ing audience of spiritual masters to cleanse oneself of the cognitive and afflictive obscurations.
These explanatory essays are intended for those who are new to Buddhist philosophy and who may doubt the benefits one can gain from simple practices such as circumambulation, offering water and lighting lamps.
Cost: Rs: 160/-
Title: ༸དགེ་སློང་གི་བསླབ་བྱའི་རྣམ་གཞག་ཐུབ་དབང་ཞལ་ལུང་།
Author: ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག
Description: ༄༅། །རང་ཅག་ཁ་བ་རི་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོ་ཐུན་མོང་སྣང་ངོར་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་རོལ། ༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཞལ་སྔ་ནས། ༸རྒྱལ་བསྟན་གྱི་གཞི་ནམ་དམ་ཆོས་འདུལ་བའི་དགོངས་དོན། དགེ་སློང་གི་བསླབ་བྱའི་རྣམ་གཞག་ཐུབ་དབང་ཞལ་ལུང་། ཞེས་བྱ་བ་ཚིག་ཉུང་དོན་གསལ་གོ་བདེའི་ཚུལ་དུ་གསུང་རྩོམ་བཀའ་དྲིན་གནང་བ་པར་སྐྲུན་ཆོག་པའི་༸སྙན་སེང་ཞུས་པར་བཀའ་འཁྲོལ་སྤྱི་བོར་སྨིན་ཐོབ་བཞིན། འདི་ག་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༡༩༨༢ ལོར་དཔར་ཐེངས་དང་པོ་དང་། ད་ལམ་པར་ཐེངས་དྲུག་པར་སླར་ཡང་དེབ་གྲངས་ ༤༠༠༠ ཐམ་པ་ནང་ཆོས་དེབ་ཕྲེང་ ༢༡ པའི་ངོ་བོར་པར་སྐྲུན་ཞུ་རྒྱུའི་སྐལ་བཟང་བྱུང་།
Cost: Rs: 45/-
Title: བདེ་སྐྱིད་ཀྱི་ལམ་བུ།
Author: ༸གོང་ས་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག
Description: ༄༅།། དེབ་ཆུང་འདི་ནི་ཕྱི་ལོ་ ༡༩༩༥ ལོར་བཞུགས་སྒར་དྷ་རམ་ས་ལར་ ༸ སྤྱི་ནོར་༸ གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཅོག་གིས་སློབ་ཕྲུག་གི་སྡེ་ཚན་ཞིག་ལ་བསྩལ་བའི་བཀའ་སློབ་ཀུན་ཕན་བདེ་སྩལ་ ( Foundatjion for Universal Resonsibility ) གཟུགས་མཐོང་བརྣན་པར་ནང་སྒྲིག་བཟོ་ཞུས་པ་དེ་ཡིག་ཐོག་ཏུ་ཕབ་པ་ཟིག་ཡིན།
དེབ་འདིའི་མཙན་བྱང་ལ་བདེ་སྐྱིད་ཀྱི་ལམ་བུ་ཞེས་་བྱ་ཞིང་། མི་རྣམས་བདེ་བ་འདོད་པ་ལྟར་བདེ་བ་སྒྲུབ་པའི་ཐབས་ཆ་ཚང་ལ་སྟབས་བདེ་བ་ཟིག་གདུལ་བྱའི་ཁམས་མོས་དང་འཚམ་པར་གསུངས་ཡོད། དེས་ན་ཆོས་ལུགས་ཀྱི་རྒྱབ་ལྗོགས་འདྲ་མིན་ལ་མ་ལྟོས་པར་རང་རིགས་སྐྱེ་བོ་ཀུན་གྱི་བློ་ལ་འཇུག་བདེ་བ་དང། ཁྱད་པར་དུ་བློ་གསལ་གཞོན་སྐྱེས་རྣསམ་ལ་ཕྱོགས་ཀུན་ནས་ལྟ་ཀློག་བདེ་བ་དང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བའི་གདམས་ངག་བཟང་པོ་ཞིག་ཆགས་ཡོད།
དེར་བརྟེན་དེབ་ཆུང་འདི་ལ་བརྟེན་ནས་སྐྱེ་བོ་མང་པོ་ཞིག་ལ་མིག་ཁ་ཕྱེས་པ་ལྟ་བུའི་ལམ་སྟོན་དང་སེམས་ཤུགས་ཀྱི་འབྱུར་རྩ་ཞིག་ཏུ་འགྱུར་བར་ང་ཙོས་ཡིད་ཆེས་དང་རེ་བ་བྱེད་བཟིན་ཡོད།།
Cost: Rs: 65/-
Title: གནའ་རབས་བོད་ཀྱི་གར་གླུ་སོགས་ལོ་རྒྱུས་ཕྱོགས་བསྡེབས།
Author: ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས།
Description: ༄༅། །ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༣༢ པ་འདིའི་ནང་དོན་གཙོ་བོ། བོད་གཞུང་གར་དཔོན་དྲུང་གཏོགས་པ་སངས་དོན་གྲུབ་ལགས་ནས་གསུངས་པའི་གནའ་རབས་གར་གྱི་མཆེད་ཁུངས་དང་། གར་དཔོན་རིམ་བྱུང་། གར་ཕྲུག་མི་འགྲོ་གར་འཕྱགས་བསྐྱོན་སྟངས། གར་སྦྱོང་དང་སྒྲིག་ལམ་རྣམ་གཞག གར་ཕྲུག་པའི་ཆས་གོས་དང་ཉིན་ཞག་ཕྲུག་གཅིག་གི་བྱེད་སྒོ། ྋརྒྱལ་བའི་ཆིབས་བསྒྱུར་སོགས་གཞུང་འབྲེལ་མཛད་སྒོ་དང་འབྲེལ་བའི་བཞེངས་བརྡ་དང་། འཛོམས་བརྡ། ཕེབས་བརྡ་འབུལ་རིམ། རྒྱ་དམར་གྱི་བཙན་དབང་འོག་ཉམས་རྒུད་ཕྱིན་པའི་གར་རོལ་སྒྱུ་རྩལ་མྱུར་སྐྱོབ་ཐབས་བསྐྱེད། རྒྱ་གར་ནང་གར་གྱི་གོ་རྟོགས་དར་སྤེལ་རྩིས་སྤྲོད་གནང་རིམ་འཕྲོས་བཤད། སྤྱི་ཟུར་བློ་བཟང་རབ་རྒྱས་ལགས་ཀྱིས་མི་ཚེའི་རིང་ཞི་དྲག་གསང་གསུམ་གྱི་སྒོ་ནས་ཞབས་འདེགས་ཇི་བསྒྲུབས་དང་། གཞིས་བྱེས་གནའ་དེང་གཉིས་ཀྱི་ལོ་རྒྱུས། ཀོང་པོ་ཉང་རྒྱ་ཁུལ་གྱི་ཁྲལ་བསྡུ་དང་གནས་དགོན་རྩ་ཆེའི་ལོ་རྒྱུས། འཕྱོས་ཤར་བློ་བཟང་ཆོས་གྲགས་ལགས་ཀྱིས་གསུངས་པའི་འཕྱོངས་རྒྱས་བསྟན་སྲུང་དྭང་དམག་བརྒྱ་ཤོག་གི་ལོ་རྒྱུས། ཤྲཱི་ཆུ་བཟང་དགོན་པའི་དགེ་བཤེས་དབང་འདུད་ཚུལ་ཁྲིམས་ལགས་ཀྱི་སྐུ་ཚེའི་མྱོང་ཚོར་དང་འབྲེལ་བའི་དགོན་བླའི་འཕེལ་འགྲིབ་ལོ་རྒྱུས། བསྟན་འཛིན་སྦྱིན་པ་ལགས་ཀྱིས་གསུངས་པའི་ལྷ་སའི་དུས་འགྱུར་ཟིང་ལངས་སྐབས་ཀྱི་མྱོང་ཚོར་དང་། བྱེས་ཕེབས་གསང་བའི་སློབ་སྦྱོང་དང་འབྲེལ་སྤྱི་སྨན་ལས་དོན་ཇི་བསྒྲུབས། བདེ་སྲུང་དྲུང་ཟུར་དབང་འདུས་རྡོ་རྗེ་ལགས་ནས་གནང་བའི་འབྲོང་རྩེ་ཆོས་སྡེའི་ལོ་རྒྱུས་དང་། མཚམས་སྦྱོར་གནང་མི་ངོ་སྤྲོད། པཱ་པ་སངས་ཚེ་རིང་ལགས་ཀྱིས་གསུངས་པའི་ལྕེ་བདེ་ཞོལ་བོད་གཞུང་སྣམ་འཐག་ལས་གྲྭ་དང་། རྒྱལ་རྩེའི་སྣམ་བུ་དང་འབྲུ་ཆའི་ཐོན་ཁུངས། ཤ་ཁྲལ། ལོ་གསར་གཏོང་སྟངས། གནོད་སྦྱིན་གངས་བཟང་ནས་བབས་པའི་མྱང་སྟོད་སྨད་བར་གསུམ་གྱི་གཙང་ཆུར་གུ་རུའི་བྱིན་རླབས། སེར་སྲུང་སྔགས་པ། ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བླ་མཚོ་དང་། པ་སྣམ་དུ་ཡོད་པའི་ངོ་མཚར་ཅན་གྱི་ཆུ་མིག་པདྨ་གཟིམ་ཕུག གྲོ་མོ་བརྒྱུད་རྒྱ་གར་ལ་འགྲོ་སྐབས་མི་རྒོད་ཐུག་སྐོར། དབུས་གཙང་ཁུལ་མིང་གྲགས་ཆེ་བའི་ཞིང་མོ་ཆེ་བཅོ་བརྒྱད་ངོ་སྤྲོད་སོགས་གསལ།།
Cost: Rs: 300/-
Title: མི་རྟག་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ།
Author: སློབ་དཔོན་ཤེས་རབ་གོ་ཆ།
Description: ༄༅། །ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ཞེས་བྱ་བའི་བསྟན་བཅོས་འདི་ནི། སློབ་དཔོན་ཆེན་པོ་པྲཛྙཱ་ཝརྨས་མཛད་པ་སྟེ་བསྟན་བཅོས་ཀྱི་ཐོག་མའི་གྲས་ཤིག་ཏུའང་སྣང་ཞིང་། བརྒྱ་ཕྲག་བཅུ་གཅིག་པའི་ནང་པཎྜི་ཏ་ཇནཱར་དྷན་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཤཱཀྱ་བློ་གྲོས་རྣམ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་གོ །སྤྱིར་ན་ཚོམས་ཀྱི་རྣམ་པར་འགྲེལ་པ་འདི་ཉིད་ཕྱག་དཔེ་མདའ་ཚད་མ་གཉིས་ཀྱི་བོངས་ཚད་དུ་བཞུགས་ཡོད་པས། དེབ་རེ་རེར་བཀོད་ན་ཅུང་ཟད་མཐུག་པའི་རྐྱེན་གྱིས་ཀློག་སྤྲོ་བ་ལ་གེགས་བྱེད་པར་བསམ་སྟེ། འདི་ནས་དེབ་ཕྲེང་ཆེ་ཆུང་སྙོམ་པོར་འགོད་པར་དམིགས་ནས་ཐོག་མར་མི་རྟག་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་འདི་ཁོལ་བྱུང་གིས་ནང་ཆོས་དེབ་ཕྲེང་བཅུ་གཅིག་པའི་ངོ་བོར་དཔར་སྐྲུན་ཞུས། གཞུང་འདི་རུ་དུས་རྒྱུན་འུ་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ན་མཚམས་མི་ཆད་པར་མིག་མཐོང་ལག་ཟིན་གྱིས་མཐོང་རྒྱུ་ཡོད་པ་དག །ཟུར་འདོན་ར་སྤྲོད་ཀྱི་ལམ་ནས་གསུངས་འདུག་པས་ཀློག་པ་པོའི་སེམས་ལ་ཕན་ཆེ་བ་མ་ཟད། གཞུང་འདིའི་ཚིགས་བཅད་ཕལ་མོ་ཆེའི་འགྲེལ་པའི་སྐབས་སུ། སྐབས་བབ་ཀྱི་གདམས་པ་དེ་དག་གསུངས་དགོས་པའི་གླེང་གཞི་དང་། གསུང་ཡུལ། མི་སྣ་དང་། བྱུང་རབས་སོགས་གསལ་བར་བཀོད་ཡོད་སྟབས། གཞུང་འདིར་ལྟ་ཀློག་བྱས་པ་དང་མཉམ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་རྣམ་ཐར་དག་ཀྱང་ཞོར་དུ་ངེས་ཐུབ་པ་ཞིག་ཡོད་པས་གཅིག་གོ་བཅུ་ཆོད་དུ་གྲུབ་འདུག་གོ།
Cost: Rs: 150/-
Title: The Tibet Journal
Volumn: XXXVIII No.1&2 Spring-Summer 2013
Description: The Tibet Journal is a quarterly publication of the Library of Tibetan Works & Archives (LTWA) dedicated to the presentation of scholarly and general interest articles on Tibetan cultrure and civilzation by Tibetans and non-Tibetans.
Cost: Rs: /-
Title: Tibetan Language, Literature and Grammar
Author: Sangye Tandar Naga
Translator: 
Description: This book has been compiled to familarise and acquaint English readers with the Tibetan words and phrases that are found in Tibetan characters or tranliterations while reading Tibetan Manuscripts. Also this work is intended to help the Tibetans and non-Tibetans who will study Tibetan grammar.
This book is divided into three parts. The fiest part introduces the basic structures of Tibetan language consisting of vowels, consonants, superscribed and subscribed letters and prefixes and suffixes. The second part consists of a clllection of articles on Tibetan literature published in the Tibet Journal Series. The third part consists of translations of the three treatises on Tibetan Grammar.
We are confident that this book will be of immense value and a great tool for all the students of Tibetan studies.
Cost: Rs: 230/-
Title: སྒྲུང་གཏེར་ ༦
Author: A. L. Shelton
Translator: འབའ་ཐང་སྐལ་བཟང་དབང་འདུས།
Description: ༄༅། །བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་དང་ཉམས་ཞིབ་སྡེ་ཚན་ནས་བོད་རིགས་བློ་གསར་གཞོན་སྐྱེས་རྣམས་ཀྱི་བོད་ཡིག་ཤེས་ཚད་གོང་མཐོར་སྤེལ་སླད་སྒྲུང་གཏེར་ཞེས་པའི་ཁ་བྱང་འོག་བྱིས་སྒྲུང་སྣ་མང་དཔར་སྐྲུན་གྱི་ལས་གཞི་ཞིག་སྤེལ་མུས་ཡིན། ལས་གཞི་དེའི་ཆ་ཤས་ཀྱི་སྒྲུང་གཏེར་དེབ་ཕྲེང་དྲུག་པའི་ནང་ཕྱི་ལོ་ ༡༩༢༢ ཙམ་ན་བོད་ཤར་ཕྱོགས་ས་ཁུལ་དུ་ཕེབས་པའི་ཡེ་ཤུའི་ཆོས་པ་དང་། བྱེ་བྲག་ཏུ་འབའ་ཐང་སྐལ་བཟང་དབང་འདུས་ཀྱིས་བྱིས་སྒྲུང་མང་དག་ཞིག་དབྱིན་ཡིག་ནས་བོད་བསྒྱུར་ཞུས་པ་རྣམས་འཁོད་ཡོད།
Cost: Rs: 110/-
Title: ༸རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་། རྭ་སྒྲེང་དགོན་གྲོང་གི་ལོ་རྒྱུས།
Author: ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས།
Translator: 
Description: ངག་རྒྱུན་དེབ་ཕྲེང་འདིའི་ནང། མཆོད་རྟེན་བླ་མ་ཐུབ་བསྟན་སྙན་གྲགས་ནས་གསུངས་པའི་༸རྒྱལ་ཚབ་རྭ་སྒྲེང་དང། བྱང་རྭ་སྒྲེང་དགེ་འཕེལ་གླིང་དགོན་དང། རྟེན་གཙོ། ཆོས་གཞིས། རྭ་སྒྲེང་རིན་པོ་ཆེའི་ཐོབ་ཁུངས། ཆིབས་པ་གཡུ་འབྲུག་ལགས་ཀྱི་སྐོར། ༸རྒྱལ་ཟུར་མཆོག་དབུ་ཉེས་ཕོག་སྟེ་ལྷ་སར་གདན་དྲངས་བོད་ལྗོངས་ཚོགས་འདུས་འདྲི་རྩད་ཞུས་པ། རྭ་སྒྲེང་ལ་གཞུང་དམག་སླེབས་ཏེ་ཕན་ཚུན་དམག་འཁྲུག་དང། དགོན་པར་གཏོར་བཅོམ་ཇི་བྱས། རྭ་སྒྲེང་བླ་བྲང་ལ་གོ་ལག་ཡོད་མེད། རྭ་སྟག་རྣམ་གཉིས་འགལ་ཟླའི་དོན་རྐྱེན། རྭ་སྒྲེང་རྡོ་རྗེ་འཆང་གི་རྒྱུན་གཤིས་དང་ཐོག་མཐའི་མཛད་ཚུལ། རང་ཉིད་རྭ་སྒྲེང་བླ་བྲང་ལ་སླེབས་སྟངས། རྭ་སྒྲེང་བླ་དགོན་གཉིས་ཀྱི་ཆོས་གཞིས་མངའ་ཐང། དུས་མཆོད་དང་ཚོང་འདུས། བླ་བྲང་གི་ལས་བྱའི་རྣམ་གྲངས། གཞུང་ནས་གསོལ་ཕོགས་ཡོད་མེད། ཛ་སག་གསར་རྙིང་འཕོ་འགྱུར། ༸རྒྱལ་ཟུར་མཆོག་ལ་ཕྱི་ནང་འབྲེལ་བ་ཞུ་མི། བྱང་རིགས་སྡེ་བཞིའི་རུ་ཤོག་རྣམ་གྲངས་སོགས་དང། བཀའམགྲོན་ཤོད་དྲུང་ལུང་ཤར་སྲས་བྱང་ཆུབ་རྡོ་རྗེས་གསུངས་པའི་རྭ་སྟག་རྣམ་གཉིས་ཀྱི་འགལ་ཟླའི་འཕེལ་རིམ་དང། རྭ་སྒྲེང་རིན་པོ་ཆེས་བྲོས་བྱོལ་ཕེབས་རྩིས་གནང་བ། རིན་པོ་ཆེ་ལྷ་སར་གདན་ཞུས་འབྲེལ་ཡོད་ཁག་གཅིག་ལ་སྒོ་རྒྱ་ཐེལ་གནོན་དང་འདྲི་རྩད་གནང་རིམ། རྭ་སྟག་དབར་དགོངས་ཕྱོགས་མི་མཐུན་པའི་གནད་དོན་ཇི་ཆགས། དེ་བཞིན་ལྷོ་སྤྱི་ལས་ཟུར་པ་སྣམ་འབྱོར་རྒྱས་པ་རྡོ་རྗེ་དབང་འདུད་ནས་གསུངས་པའི་རང་ཉིད་གཞུང་ཞབས་ཞུས་ཚུན་ལས་གནས་དང་འབྲེལ་ཆགས་རྭ་སྒྲེང་རིན་པོ་ཆེའི་གནས་དོན་དང། རྒྱལ་ཁབ་ཏུ་བཀའ་འགུགས་འདྲི་རྩད། བོད་ལྗོངས་ཚོགས་འདུས་བཀའ་བཅད་གནང་སྒོར་སྐུ་ངལ་མུར་གློ་བུར་སྐུ་གཤེགས་པའི་གནས་སྟངས། འབྲེལ་ཡོད་ལ་སྒོ་རྒྱ་ཐེལ་གནོན་དང་བཞི་སྡེ་བླ་བྲང་ནས་མེ་མདའ་ཐོན་པ། སྲིད་བློན་གླང་མདུན་དང་༸རྒྱལ་ཚབ་རྭ་སྒྲེང་དབར་ཐུགས་སྣང་མ་མཐུན་པ། གྲྭ་བཞི་དང་ཧོར་སྤྱིའི་ལས་བྱ་ནས་བཟུང་གཞུང་གི་ལས་ཁུར་རིམ་ཞུས། ཤིང་རྟ་རྒྱལ་རྩེའི་ཆུ་ལོག གཞུང་ཞབས་ཡིན་མུར་སོང་ལུང་ཤར་གྱི་གསར་བརྗེའི་ལས་འགུལ་དང། ཆུ་འབྲུག་མི་མང་ཚོགས་འདུར་མ་ཞུགས་པ། ༸རྒྱལ་དབང་སྐུ་གོང་མས་རྒྱལ་རྩེ་དང་ལྷ་སར་དབྱིན་ཡིག་སློབ་གྲྭ་དང། གྲྭ་བཞི་གློག་འཕྲུལ་ཁང་སོགས་གསར་འཛུགས་མཛད་དེ་བོད་ཀྱི་དངུལ་དཔར་དང། གོ་རྫས། རས་ཆ་སོགས་ལག་རྩལ་གསར་གཏོད་མཛད་རྗེས། བྱེས་འབྱོར་ཌལ་ཧོར་དུ་རས་འཐག་ལས་གྲྭར་ཞུགས་པ་བཅས་དང། སྒེར་འབྱོར་རྒྱས་སྲས་སློབ་དགེ་འཇིགས་མེད་དཔལ་འབྱོར་ལགས་སུ་མཐའ་དཔྱོད་བསྐྱར་འདྲི་ཞུས་ལན་དང། རང་ཡུལ་པ་སྣམ་ཁུལ་གྱི་ཆགས་བབས་དང། ཐོན་སྐྱེད། སྐྱེས་ཁུངས་ཁྱིམ་ཚང་གི་གནས་ལུགས། རང་ཉིད་ཀྱི་མི་ཚེའི་འགན་ཁུར་ངོ་སྤྲོད་རགས་བསྡུས། འདི་ག་སྡེ་ཚན་ནས་དཔྱད་བཏུས་རྭ་སྒྲེང་དགོན་བླ་གཉིས་ཀྱི་ངོ་བོ་དང། བར་སྐབས་ཀྱི་ངལ་གསོར་ལྷ་སའི་སྤྱི་ཚོགས་དཔྱད་གླུ་རེ་ཟུང་བཅས་འཁོད་་ཡོད།། །།
Cost: Rs: 240/-
Title: སྤྲིན་པའི་གྲངས་བརྩི་བ།
Author: སནྠི་ནཱི། གོཝི་ནྡན།
Artist:  སཽ་རབྷ། པཱཎྡེ།
Translator: ཌོག་ཋར་མཆོག
Description: 
བྱིས་པའི་སྒྲུང་དེབ།
Cost: Rs: 40/-
Title: ངའི་འཇིག་རྟེན་ནང་གི་ཁ་དོག་དང་།
Author: དེབེཀཱ  རངྒ་ཅ་རི།
Artist:  སར་ཀཱར།
Translator: ཌོག་ཋར་མཆོག
Description: 
བྱིས་པའི་སྒྲུང་དེབ།
Cost: Rs: 40/-
Title: ལྷ་མོའི་གྲོགས་མོ།
Author: ཨལ་ཀཱ  ཤངྐར།
Artist:  ཇག་དཱིཤ  ཇོ་ཤཱི
Translator: ཌོག་ཋར་མཆོག
Description: 
བྱིས་པའི་སྒྲུང་དེབ།
Cost: Rs: 40/-
Title: སྟག་ཆུང་ཆུང་སྟག་ཆེན་པོ།
Author: ཧེམ་མིལ་ཊོན། ཧྥུ་ལར།
Artist:  ཨནིལ། བྱཱས།
Translator: ཌོག་ཋར་མཆོག
Description: 
བྱིས་པའི་སྒྲུང་དེབ།
Cost: Rs: 50/-
Title: ཆོས་འབྱུང་ཀུན་གསལ་མེ་ལོང་།
Author: དཔལ་ལྟན་ཚུལ་ཁྲིམས།
Description: ༄༅། །ཆོས་འབྱུང་ཀུན་གསལ་མེ་ལོང་འདི་ནི་འཕགས་བོད་ཀྱི་དམ་པའི་ཆོས་ཀྱི་བྱུང་བ་རྒྱས་བསྡུས་ཤིན་ཏུ་འཚམས་ཞིང་། བྱེ་བྲག་བོད་དུ་དར་བའི་སངས་རྒྱས་ཀྱི་ཆོས་བརྒྱུད་ཡོད་དོ་ཅོག་གི་བྱུང་བ་འཁོད་པའི་དེབ་ཐེར་རྨད་དུ་བྱུང་ཞིག་ཡིན། འདི་ཉིད་རྩོམ་པ་པོ་ནི། ལོ་རྒྱུས་སྨྲ་བ་སྟེ་མཚན་ལ་དཔལ་ལྡན་ཚུལ་ཁྲིམས་སམ་ལུང་རྟོགས་ཤེས་རབ་རྡེ་རྗེ་ཞུ་བ། རང་ཉིད་རྩ་བའི་ཆོས་ལུགས་བོན་པོ་ཡིན་ཀྱང་བོད་ཀྱི་ཆོས་བརྒྱུད་ཡོངས་ལ་དག་སྣང་ནོར་བུའི་འོད་ཀྱིས་ཁེངས་ཤིང་། སློབ་དཔོན་ཞི་བ་ལྷས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། ཞེས་ཇི་ལྟར་གསུངས་པ་བཞིན་རྩོམ་པ་པོ་རང་ཉིད་དགུང་ན་བདུན་ཅུར་མངོན་དུ་ཕྱོགས་པའི་གནས་སྐབས་ཏེ་ཕྱི་ལོ་ ༡༩༦༤ ལོར་འགོ་བརྩམས་ཤིང་། ཕྱི་ལོ་ ༡༩༧༡ སྟེ་རང་ལོ་བདུན་ཅུ་དོན་དྲུག་ལོར་མཇུག་རྫོགས་པར་ཕྱོགས་བསྒྲིགས་སུ་བགྱིས་པ་ཞིག་གོ།
Cost: Rs: 430/-
Title: Hindi Journal भोटवाणी
Volumn: 2013 वर्ष 3 अंक 2
Description: sतिब्बत से सम्बन्धित अध्ययन हेतु प्रकाशन
Cost: Rs: 180/-
Title: དགེ་ཆོས་ཡབ་སྲས་ཀྱི་སྙན་རྩོམ།
Author: བླ་ཆུང་ཨ་པོ།  རཀཿར་ཐུབ་བསྟན་ཆོས་དར།
Description: ༄༅། །དགེ་ཆོས་ཡབ་སྲས་ཀྱི་སྙན་རྩོམ་ཞེས་པའི་དཔེ་དེབ་འདི་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཁག་ཅིག་དང་། གོ་འཇོ་ཨ་པོ་བླ་ཆུང་གིས་གཱདྷཱིར་བསྟོད་པའི་སྙན་རྩོམ་ཞིག །དེ་བཞིན་རཀཿར་རིན་པོ་ཆེས་ཁུ་ནུ་བླ་མ་རིན་པོ་ཆེའི་རྣམ་ཐར་སྙན་ངག་གི་ལམ་ནས་བརྩམས་པ་བཅས་ལས་གྲུབ་པའི་ཕྱོགས་བཏུས་ཀྱི་དཔེ་དེབ་ཅིག་ལགས། དེས་ན་སྙན་རྩོམ་དེ་དག་ནི་ཕྱི་རབས་ཀྱི་སྙན་ངག་སྨྲ་བ་རྣམས་ལ་སྙན་ངག་གི་སྐྱེས་ཆེན་པོ་ཞིག་གོ།
Cost: Rs: 130/-
Title: The Tibet Journal
Volume: XXXVII No.4 Winter 2012
Description: 
The Tibet Journal is a quarterly publication of the Library of Tibetan Works & Archives (LTWA) dedicated to the presentation of scholarly and general interest articles on Tibetan cultrure and civilzation by Tibetans and non-Tibetans.
Cost: Rs: 350/-
Title: སྒྲུང་གཏེར།
Author: A.L.Shelton
Translated: འབའ་ཐང་སྐལ་བཟང་དབང་འདུས།
Description: ༄༅། །བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་དང་ཉམས་ཞིབ་སྡེ་ཚན་ནས་བོད་རིགས་བློ་གསར་གཞོན་སྐྱེས་རྣམས་ཀྱི་བོད་ཀྱི་བོད་ཡིག་ཤེས་ཚད་གོང་མཐོར་སྤེལ་སླད་སྒྲུང་གཏེར་ཞེས་པའི་ཁ་བྱང་འོག་བྱིས་སྒྲུང་སྣ་མང་དཔར་སྐྲུན་གྱི་ལས་གཞི་ཞིག་སྤེལ་མུས་ཡིན། ལས་གཞི་དེའི་ཆ་ཤས་ཀྱི་སྒྲུང་གཏེར་དེབ་ཕྲེང་ལྔ་པ་འདི་དང་། རིང་མིན་དཔར་སྐྲུན་ངེས་པའི་སྒྲུང་གཏེར་དེབ་ཕྲེང་དྲུག་པའི་ནང་ཕྱི་ལོ་ ༡༩༢༢ ཙམ་ན་བོད་ཤར་ཕྱོགས་ས་ཁུལ་དུ་ཕེབས་པའི་ཡེ་ཤུའི་ཆོས་པ་དང་། བྱེ་བྲག་ཏུ་འབའ་ཐང་སྐལ་བཟང་དབང་འདུས་ཀྱིས་བྱིས་སྒྲུང་མང་དག་ཞིག་དབྱིན་ཡིག་ནས་བོད་བསྒྱུར་ཞུས་པའི་སྒྲུང་རྣམས་འཁོད་ཡོད།
Cost: Rs: 95/-
Title: སྤྱོད་འཇུག་ཆེན་མོ་གླེང་བ།
Author: ཆབ་ཚང་འཇམ་དཔལ།
Description: ༄༅། །སྤྱོད་འཇུག་ཆེན་མོ་གླེང་བ་ཞེས་པའི་དཔེ་དེབ་འདི་ལོ་རྒྱུས་ཐོག་རྒྱ་གར་གྱི་ལྷོ་བྱང་རྒྱུད་ད་ནང་བསྟན་ཆོས་ལུགས་བྱུང་འཕེལ་གྱི་གཞི་རྩའི་ལོ་རྒྱུས་དང་། སྤྱོད་འཇུག་ཆེན་མོ་དང་འབྲེལ་བའི་དོན་གནད་འགངས་ཆེ་བ་འདྲ་མིན་ཐོག་དཔྱད་ཞེབ་གཟབ་ནན་བྱས་པའི་སྤྱོད་འཇུག་ཆེན་མོ་གླེང་བ། སྤྱོད་འཇུག་ཆེན་མོའི་འབྲུ་འགྲེལ་གནད་བསྡུས་ཞེས་པའི་གཞུང་འདིའི་འབྲུ་འགྲེལ་ཁག་སྤྱོད་འཇུག་ཆེན་མོའོ་རྩ་གཞུང་གི་དཀྱུས་སྲུབས་སུ་མཐུན་སྦྱོར་ཡང་དག་པ་བྱས་ཐོག་འབྲུ་འགྲེལ་རྣམས་རྒྱས་བསྡུས་འཚམ་ཞིང་། ཚིག་གཤེས་ཤིན་ཏུ་འཇམ་པོས་ནང་དོན་གོ་བདེར་ཕབ་རྒྱུ་ཕྱོགས་ཡོངས་ནས་གཙོ་གནད་དུ་བཟུང་ཡོད་སྟབས། དབང་པོ་རབ་འབྲིང་རྟུལ་གསུམ་སུས་ཀྱང་གཞུང་འགྲེལ་གཞན་བརྒྱུད་མ་དགོས་པར་ཐད་ཀར་ཤེས་རྟོགས་ཐུབ་པའི་ཁྱད་ཆོས་ལྡན་ཡོད། དེའི་སྟབས་ཀྱིས་སྤྱོད་འཇུག་ཆེན་མོར་ཐོས་བསམ་སློབ་གཉེར་བྱེད་མན་ཞིག་ལ་མཚོན་ན་དཔེ་དེབ་འདི་སློབ་སྦྱོང་གི་མཐུན་རྐྱེན་འགངས་ཆེ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།
Cost: Rs: 350/-
Title: དབུ་མ་ཆུ་བའི་འགྲེལ་པ་བུདྡྷ་པ་ལི་ཏ།
Author: སློབ་དཔོན་སངས་རྒྱས་བསྐྱངས།
Description: ༄། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལ་འགྲེལ་བ་ཇི་སྙེད་ཅིག་ཡོད་ཁོངས་ནས་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱི་ས་མཛད་པའི་བུདྡྷ་པ་ལི་ཏ་འདི་ནི་དབུ་མའི་གཞུང་ལ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་ཉམས་བཞེས་གནང་མཁན་རྣམས་ལ་མེད་ན་མི་འབྱུར་གི་ཕྱག་དཔེ་ཤིན་ཏུ་བྱིན་ཅན་ཞིག་ཏུ་གྱུར་ཡོད་ན་། ཀུན་ལ་མཐའ་གཅིག་ཏུ་ཕན་པར་སྨོན་ནོ།།
Cost: Rs: 305/-
Title: གཏམ་མཛོད་མེས་པོའི་ཞལ་རྒྱུན།
Author: ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
Description: ༈ ༑ བོད་མི་རིགས་ཀྱི་དམངས་ཁྲོད་གཏམ་དཔེ་རྒྱ་མཚོ་ལྟ་བུའི་ཁྲིད་ནས་བདག་བློ་ཀུ་ཤའི་རྩེ་མོས་བླངས་ བའི་ཆུ་ཐིགས་ཙམ་ཞིག་གཅེས་བཏུས་བགྱིས་ཐོག །དེ་དག་རིགས་མི་འདྲ་བ་ལེ་ཙན་ལྔ་ལ་ཕྱེ་སྟེ་གནའ་ གཏམ་མི་རེ་ངོ་རེར་ཚིག་གམ་བརྗོད་དོན་གྱི་འགྲེལ་བཤད་སྟབས་བདེ་རེ་དང། བེད་སྤྱོད་བྱ་ཡུལ་ལས་ བྱེད་སྟངསཀྱི་ཕྱོགས་སྟོན་ཙམ་རེ་ཡང་བྲིས་པ་མ་ཟད། ད་དུང་བོདཀྱི་དམངས་སྒྲུང་དང་། ལོ་རྒྱུས། གཏམ་ རྒྱུད་ཀྱི་བཤད་ཚུལ་སོགས་དང་འབྲེལ་བ་ཡོད་པའི་གཏམ་དཔེ་ཁག་ཅིག་འབྱུང་ཁུངས་དངོས་སམ། ཡང་ ན་དེའི་ཡོང་སྟངས་སོགས་རང་གིས་མཐོང་ཐོས་བྱུང་རིགས་རྣམས་ཀྱང་ཡིག་ཏོག་ཏོག་མའི་ཕྱོགས་སྒྲིག་ གང་ཐུབ་བཅས་བྱས་ཏེ། དམངས་སྲོལ་རིག་གནས་ཀྱི་བྱེ་བྲག་ཐུན་མོང་མ་ཡིན་འདི་ཉིད་མི་རབས་ནས་ མི་རབས་སུ་བརྒྱུད་སྤྲོད་ཀྱི་བྱ་གཞག་འདིའི་ཐད་ལ་སྨན་པའི་བྱ་བ་ཅུང་ཟད་ཙམ་ཞིག་བྱེད་ཐུབ་ན་ཅི་མ་ རུང་སྙམ་པའི་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ་གཏམ་མཛོད་ཀྱི་དེབ་ཆུང་འདི་ཉིད་བརྩམས་ པ་ལགས།
Cost: Rs: 285/-
Title: ཆོས་ཀྱི་ཚིགས་སུ་བཅད་པ།
Translated by: Gendun Choephel
Description: ༈ ༄༅། །ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་པའི་མདོ་ཕྲན་འདི་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ གནས་བརྟན་དྷརྨཱ་ནནྡའི་ཞབས་དྲུང་དུ་ཞུས་ཤིང་། སིངྒ་ལ་དཔལ་རལ་གྲིའི་རི་བོའི་དགོན་པ་རུ་པཱ་ལིའི་ སྡེ་སྣོད་ནས་བོད་སྒྱུར་ཞུས་པ་ཞིག་སྟེ། བཙུན་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་ དང་ཆ་འདྲ་བར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐུ་ཚེ་གང་པོར་ཆོས་ཀྱིས་འཁོར་ལོ་བསྐོར་བའི་ གསུང་གི་ཉིང་བཅུད་དག་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས་བརྗོད་བྱའི་སྣ་འཛོམས་ཤིང་། གདུལ་བྱའི་ མོས་ཁམས་ལ་གཞིགས་ཏེ་ཐད་ཀར་གདམས་པ་ཡིན་པས་བརྗོད་དོན་ཟབ་ཅིང་རྗོད་བྱེད་ཟོར་ཡང་བ། ཚིག་གི་ལོ་མས་མ་བསྒྲིབས་པར་སྐབས་བབ་ཀྱི་མཐུན་དཔར་དྲངས་ཏེ་གསུངས་པས། ཚར་གཅིག་གཉིས་ བཀླགས་པ་ཙམ་གྱིས་ཀྱང་། ཤོ་ལོ་ཀ་འགའ་རེ་རང་ཤུགས་ཀྱི་བློ་ལ་ཐོན་འོང་སོགས་ཆེས་ཤིན་ཏུ་ནས་ བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་རེད་འདུག་པས། ཁྱེད་བློ་གསར་དོན་གཉེར་ཅན་རྣམས་ཀྱིས་ཅིས་ ཀྱང་ཀློག་གནང་ཡོད་བར་ཞུ།
Cost: Rs: 90/-
Title: Blaze of Quotations and Logic
Author: Gen. Lamrinpa Ngawang Phuntsok
Translated by: Tenzin Gyaltsen
Description: ༈Gen Lamrimpa’s Blaze of Quotations and Logic: A Lamp Illuminating the Signflcance of the Four Seals of the Buddha’s Teachings is a text written in the classical Tibetan style of writing scholarly works. This text is arranged in a neat structural outline and in particular, as the subject is the Four Seals, uses scriptural quotations and logic when explaining them.
The first seal, that All Composite Products are Impermanent, refers to anything that is composed as impermanent. Understanding this seal will help us accept loss, ageing and death, which are all part of life, a composite product.
The second seal, All that is Contaminated is Suffering, refers to the nature of actions, emotions and thoughts contaminated by selfish attachment, aversion and ignorance, due to stained or contaminated actions, emotions and thoughts we become attracted to, or repulsed by. The third seal, Aggregates are Devoid of a ‘Self’, is related to the teaching that speaks of everything as lacking inherent or intrinsic existence. Both person and phenomena should be judged objectively as they are, without mental projections, rather than holding on to the opinions of’I have no self’ or ‘I have self’.

The fourth seal, Passing Beyond Suffering is Peace, addresses our capability of liberating ourselves completely from suffering and its causes, because without this we will never attempt to achieve the state of passing beyond suffering, which is peace. Buddha’s teachings have spread far and wide, and have developed into diverse schools and sects. Most of these schools and sects engage in the practice of going for refuge in the Buddha, Dharma and Sangha, the gateway of entering the Buddha’s teachings. The question is whether or not they adhere to the Buddhist philosophical view based on the Four Seals.
Cost: Rs: 285/-
Title: བོད་དབུས་འཕན་པོའི་ཆགས་བབས་ལོ་རྒྱུས་ཕྱོགས་བསྡེབས།
Author: ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས།
Description: ༈ དེབ་ཕྲེང་འདིའི་ནང་འཕན་པོ་བ་རྒྱལ་མཚན་ལགས་ནས་གསུངས་པའི་བོད་དབུས་འཕན་པོ་སྟོད་སྨད་བར་གསུམ་གྱི་ཆགས་བབས་དང་། རྟེན་དགོན་རྩ་ཆེན་ཇི་བཞུགས། མཁས་གྲུབ་སྐྱེས་ཆེན་མི་ཉུང་བ་ཞིག་འཕན་པོར་སྐུ་འཁྲུངས་འགྲོ་དོན་མཛད་པ། གླང་ཐང་ཏིང་མོར་གྲགས་པའི་མོ་བརྟག་བྱ་སྲོལ། སོ་ནམ་ལ་བརྟེན་པའི་ཐོན་སྐྱེད་ལས་རྩོལ། ཞིང་འབྲོག་ཕན་ཚུན་ཚོང་འབྲེལ་སོགས་འཚོ་བའི་མདུན་ལམ་གནའ་རབས་བོད་ཞི་བདེ་རང་དབང་གི་གནས་བབས་གོམས་སྲོལ་བཟང་པོ་དག གཞུང་སྒེར་ཆོས་གསུམ་དང་མི་སེར་ལ་ཁྲལ་འཁྲི། ཁྱི་སྨྱོན་གྱིས་རྨུགས་པར་བཅོས་ཐབས་སོགས་གདོད་མའི་འཕྲོད་བསྟེན་བྱ་གཞག རྒྱ་མིས་བཙན་འཛུལ་དྲག་གནོན་རྗེས་བཙན་བྱོལ་དུ་འབྱོར་བ། ཆོལ་གསུམ་ན་གཞོན་ཁག་གཅིག་ཨ་རིར་གསང་བའི་ལས་རིགས་སློབ་བསྐྱོད། སྤྱི་དོན་ལ་སེམས་ཁུར་བསྐྱེད་པ། ྋས་ཆེ་རྒྱལ་ལོ་དོན་གྲུབ་མཆོག་གིས་བོད་སྤྱིར་སྨན་ཐབས་མཛད་རྗེས། སྤྱང་རྒྱབ་ནང་སོའི་བོུ་བསོད་ནམས་དཔལ་འཛོམས་ནས་གསུངས་པའི་རང་ཡུལ་འཕན་པོའི་གནའ་དེང་གཉིས་ཀྱི་གནས་བབས་དངོས་མཐོང་དངོས་མྱོང་ཁག་དང་། སོ་ནམ་ཞིང་ལས་ཀྱི་ལས་གླུ། སྒོར་གཞས། དུས་སྟོན་སྒྲུབ་མཆོད། འོང་བསྐོར། སྤྱི་རིམ་སེར་སྲུང་། རྒྱ་མི་བོད་སླེབས་རྗེས་ཡུལ་མི་མཆོག་དམན་ཡོངས་ལ་རྒྱུག་པ་ལེབ་འདུར་གྱི་དཀའ་སྦྱོང་དང་། གསར་བརྗེར་མིང་བཏགས་བོད་ཀྱི་གནའ་ཤུལ་འགངས་ཆེ་ཁག་བརྡལ་བཤིགས། བཙན་བྱོལ་དུ་ཡོངས་སྟངས་དང་མི་ཡུལ་ས་མཐར་ཁྲིམས་མཐུན་གྱི་འཚོ་བར་རོལ་བ། རང་ཡུལ་དུ་གཉེན་འཕྲད་བསྐྱོད་སྐབས་བོད་ཀྱི་སྣོད་བཅུད་ཉམས་རྒུད་ཕམ་ཁའི་གནས་བབས། དམར་པོའི་སྲིད་ཇུས་ལ་ཞེན་ལོག་ངོ་རྒོལ་ཆེད་ཞི་བའི་གོམ་བགྲོད་སྔ་ཕྱིར་ངོ་ཞུགས་སྐབས་རྒྱ་གར་མང་ཚོགས་དང་རྒྱལ་སྤྱིས་བོད་དང་བོད་མིར་རྒྱབ་སྐྱོར་ཐོབ་རིམ། ཞར་ཞོར་དལ་འབྱོར་དོན་ལྡན་ཡོང་ཕྱིར་རྣམ་དཀར་གྱི་བྱ་བར་དོན་གཉེར་ཞུས་དང་ཞུ་བཞིན་པ། འཕན་པོ་བ་བློ་བཟང་བསྟན་པ་ལགས་ནས་གསུངས་པའི་འཕན་སྟག་རྫོང་སྒོ་དྲུག་སྦྲེལ་གྱི་མངའ་ཁྱོན་དང་། ཁྲལ་ཁྲིམས་ཡུལ་སྲོལ། གནའ་བོའི་གོམས་གཤིས་སྣ་ཚོགས། ཨ་ཁུ་སྟོན་པ་དང་གྲུབ་ཐོབ་ཀུན་དགའ་རྒྱལ་མཚན། ༡༨༨༨ ཚུན་དམག་དོན་བྱས་ཅན་བོད་མི་ཁག་གཅིག་ངོ་སྤྲོད། སེར་གཞུང་འཁྲུག་སྐབས་ཀྱི་མི་སྣ་དབྲེ་སྤེ་རྒྱའོ་དང་དགེ་བཤེས་བུ་བླ་མའི་སྐོར། དམག་ཞབས་དགོངས་འཁྲོལ་ཐོབ་རྗེས་སྤྱི་ཚོགས་སྲི་ཞུ་སྒྲུབ་རིགས། རྒྱབ་ལྗོངས་ཡིག་ཆ་ཁག་གསུམ་དང་འབྲེལ་ཡོད་འདྲ་དཔར་བཅས་གསལ་ཡོད།།
Cost: Rs: 375/-
Title: བོད་ཀྱི་ཡུལ་ལུང་ཁག་གཅིག་གི་ལོ་རྒྱུས་ཕྱོགས་བསྡེབས།
Author: ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས།
Description:
༈ དེབ་འདིར། མདོ་ཕྲའི་ཆགས་བབས་དང་། སྨན་རྩྭ། ཞིང་འབྲོག་ཐོན་སྐྱེད། ལུལ་སྲོལ་ཆས་གོས་དང་ས་མཚམས། ཨེམ་ཆི་མི་རབས་བཞིའི་སྐོར། རང་བྱུང་དང་བླ་མ་ཨོ་རྒྱན་ཆོས་དར་གྱི་མཛད་རྣམ། མདོ་སྤྱིའི་ཁྱབ་ཁོངས་རྫོང་གཞིས་ཁག་ནས་གཞུང་འབབ་ཇི་སྒྲུབ། ཕག་རི་ཤོ་རྫོང་ཁོངས་ཚོང་ཁྲལ། བླ་ཕྱག་འབྲས་སྒྲུབ་ཚན་པ། དམག་ཆེན་གཉིས་པར་གོ་མིང་ཏང་གིས་ཡུ་ནན་ནས་གསང་་སྔགས་ཆོས་རྫོང་བརྒྱུད་དམག་ལམ་བཟོ་རྩིས་བོད་གཞུང་གིས་ངོས་ལེན་མ་གནང་བ། རྒྱལ་ཟུར་རྭ་སྒྲེང་གི་སྐོར། ལྷ་སྡོད་གོ་མིང་ཏང་གཞུང་ཚབ་ཕྱིར་འཕུད། བོད་གཞུང་གིས་ཕྱི་རྒྱལ་ཡུལ་ཁག་ལ་བདེན་སྐྱོབ་ཞུ་སྐུལ་སྐུ་ཚབ་གཏོང་རྩིས། ཕག་རི་དང་ཁམ་བུའི་ཆགས་བབས། རྒྱ་མིའི་ཐོག་མའི་བྱ་སྤྱོད་དང་རིམ་པས་དཀའ་ངལ། བསྟན་སྲུང་དམག་སྒར་ལ་རམ་འདེགས། རྡོ་ཐུབ་ཏུ་ཡན་ལག་དམག་སྒར། ལུང་དམར་དམག་འཐབ། མ་སུ་རི་སློབ་གྲྭའི་སྐོར། ཁམ་བུ་ཁུལ་གྱི་མཆོད་རྟེན་དང་ལྷ་ཁོག་རིམ་བྱུང། ཡུལ་གོམས་ཆས་གོས། སྨན་ཆུ་ཆགས་ཡུལ་གུ་རུ་རིན་པོ་ཆེས་བདམས་པ། ཞིང་ལས་ཐོན་སྐྱེད། ཇོ་བོ་མོན་བོན་དང་ལྷ་གསོལ་བསམ་འགྲུབ། ཕག་རྫོང་རྣམ་རྒྱལ་དཀར་པོའི་སྐོར། གaོ་མོ་སྐྱིད་ལུང་ཚལ་དགོན་གྲོང་ཆགས་རིམ། མེ་སྐྱོན་མ་བཞེས་པའི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེ་ཡུག་བསམ་དུ་བཞུགས་པ། བཀའ་དགོན་ཚེ་མཆོག་གླིང་གི་སྐོར། བཞོན་འཕྲང་ཡུལ་དགོན་ཆགས་བབས། སོ་མ་ལས་གླུ། རྒྱ་མིས་སྡང་ཟུག་བཙན་བྱོལ་དུ་འབྱོར་བ། འགྲིག་པའི་ཆགས་བབས། ཐོན་སྐྱེད་དང་སྤྱི་ཚོགས་གོམས་སྲོལ། རྒྱས་དྲག་གནོན་བྲོས་བྱོལ་དུ་འབྱོར་བ། སྟེོད་རྫོང་དགའ་དང་ས་དགའ་རུ་ཐོག་སྐྱིད་གྲོང་བཅས་ཀྱི་ཆགས་བབས། རྗེ་བཙུན་མི་ལའི་སྒྲུབ་གནས། གོར་བོད་དམག་འཁྲུག་དང་ཆིངས་དངུལ་སློག་སྤྲོད། རྒྱ་མིད་བོད་ཀྱི་ཁོར་ཡུག་བརྡལ་བཤིགས། རྒྱ་གར་ནང་བོཟ་ལམ་གཞིས་གསུམ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་དགའ་ལྡན་ཕོ་བྲང་གི་དུས་དྲན་ཐོག་མང་ཚོགས་ཀྱི་བསྟོད་དབྱངས། བོད་གཞུང་གིས་གོར་ཥ་རྒྱལ་ཁང་ལ་རོང་བཤས་ཉུང་འཕརིའི་བཀའ་རྒྱ་དང། མཅོད་རྟེན་ཆེན་མོར་བསྙེན་བཀུར་མཆོད་ཕོགས། མཐའ་མཚམས་རྫོང་གཞིས་ཚོས་ལེགས་བཅོས་ལས་ཁུངས་སུ་ཁྲལ་ཡོང་རྩིས་ཞུའི་༸སྙན་ཐོ་འབུལ་སྲོལ་ཡིག་རྙིང་བཅས།།
Cost: Rs: 385/-

Title: ESSENCE OF SUPERFINE GOLD
Author: The 13th Dalai Lama
Translated by: Dr. Chok Tenzin Monlam
Description:
Essence of Superfine Gold is the most famous literary composition of the Third Dalai Lama (1543—1588), It is a condensed but comprehensive commentary on Je Tsongkhapas (1357—1419) A Song of Experience, which is the seminal guide on the Stages of the Path to Enlightenment of the Beings of Three Capacities. Although brief, this text summarizes the three principal paths of the teachings of Shakyam uni Buddha.
Also included in this volume is Je Tsongkhapa’s A Song of Experience, pius a brief biography of the Third Dalai Lama and the relevant Tibetan texts for both teachings.
Cost: Rs: 140/-

Monday, 23 January 2012

Publication 2012

Book coverDetails
Title: རྡུལ་སྙེད་འཇིག་རྟེན།  ཚན་རིག་དང་སེམས་དོན་གྱི་སྒོ་ནས་ང་ཚོའི་འཛམ་གླིང་ལ་ཞབས་ཞུ་ཇི་ལྟར་སྒྲུབ་ཐུབ།
Author: ༸གོང་ས་ཏཱ་ལའི་བླ་མས་མཛད།
Description:
ངའི་ཤེས་རིག་གི་སྦྱོང་བརྡར་དེ་ནང་པའི་ལྟ་ཚུལ་ཡིན་སྟབས་ནང་ཆོས་ཀྱི་འདོད་ཚུལ་གལ་ཆེན་རྣམས་དང་ཚན་རིག་གི་ལྟ་ཚུལ་གལ་ཆེན་ཁག་གི་དབར་འབྲེལ་བ་ཇི་འདྲ་ཞིག་ཡོད་དམ་སྙམ་པའི་བསམ་བློ་ཡང་ཡང་འཁོར་མྱོང༌། དེབ་འདི་དེ་ལྟར་བསམ་བློ་རྒྱུན་རིང་འཁོར་བ་དང༌། བོད་ཀྱི་ནང་པའི་དགེ་འདུན་པ་ཞིག་ལྦུ་བའི་ཁང་པ་ (bubble chamber) དང༌། རྡུལ་ཕྲན་མྱུར་མགྱོགས་གཏོང་བྱེད། ཨེ་ཕེ། ཨེམ། ཨར། ཨ་ཡི།(fMRI) བྱེད་ལས་ཁབ་ལེན་གློག་དཔར་བཅས་ཀྱི་འཛམ་གླིང་ནང་ཤེས་ཡོན་གྱི་འགྲུལ་བཞུད་བྱས་པ་ལས་བྱུང་བ་ཞིག་ཡིན། དེང་རབས་ཀྱི་ཚན་རིག་བྱུང་བ་ནས་བཟུང་སྟེ་འགྲོ་བ་མི་རྣམས་ཤེས་ཡོན་དང་བདེ་སྐྱིད་ཀྱི་འབྱུང་ཁུངས་གལ་ཆེ་ཤོས་སེམས་དོན་རིག་པ་དང་ཚན་རིག་གཉིས་དབར་ཕན་ཚུན་འབྲེལ་མཐུད་ཀྱི་སྒོ་ནས་གནས་པ་རེད། མཚམས་རེ་འབྲེལ་ལམ་དེ་གྲོགས་པོ་ལྟ་བུའི་ཉེ་བོ་ཆགས་ཡོད་པ་དང༌། སྐབས་འགར་འཁྱགས་པ་ལྟ་བུར་བརྒྱབས་ནས་མི་མང་པོ་ཞིག་གིས་དེ་གཉིས་མཉམ་གནས་ཐུབ་ཐབས་མེད་པ་ཞིག་ལ་བལྟས་ཡོད། ད་ཆ་དུས་རབས་ཉེར་གཅིག་པའི་བཅུ་ཕྲག་དང་པོའ་ིནང་ཚན་རིག་དང་སེམས་དོན་རིག་པ་གཉིས་སྔར་ནམ་ཡང་བྱུང་མ་མྱོང་བའི་འབྲེལ་ལམ་ཉེ་རུ་འགྲོ་རྒྱུའི་ནུས་པ་དང༌། ང་ཚོའི་མདུན་དུ་ཡོད་པའི་དཀའ་གནད་རྣམས་གདོང་ལེན་བྱེད་པར་འགྲོ་བ་མིར་ཕན་གྲོགས་བྱེད་པའི་ནུས་པ་ཁྱབ་ཆེ་ཡོད་པའི་མཉམ་བརྩོན་གྱི་ལས་ལ་ཞུགས་པའི་ནུས་པ་ཡོད། འདིར་ང་ཚོ་ཚང་མ་མཉམ་དུ་ཡོད། འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་མི་རེ་ངོ་རེས་བཟང་སྤྱོད་ཀྱི་འགན་དེ་འཁྱེར་བའི་ཐོག་ནས་མཉམ་ལས་འདི་བསྒྲུབ་ཐུབ་པ་བྱེད་དགོས། འདི་ནི་ངའི་སེམས་གཏིང་གི་རེ་སྐུལ་ཞིག་ཡིན།། རྡུལ་སྙེད་འཇིག་རྟེན་ལས་དྲངས།
Cost: Rs: 200/-
Title: འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ།  ཚན་རིག་དང༌། ནང་ཆོས། ཡེ་ཤུའི་ཆོས་ལུགས་བཅས་ཀྱིས་སྒོམ་ལ་དཔྱད་པ།
Author: སྦི་ཨེ་ལེན་ ཝེ་ལེ་སེ་ཡིས་བརྩམས།
Translated by: བསྟན་འཛིན་རིག་བཟང་གིས་བསྒྱུར།
Description:
། །སློབ་དཔོན་ཆེན་མོ་སྦི་ཨེ་ལེན་ ཝེ་ལེ་སེ་ B. Alan Wallace མཆོག་གིས་ཐོག་མར་དབྱིན་ཡིག་ཐོག་བརྩམས་ཤིང་བསྟན་འཛིན་རིག་བཟང་ལགས་ཀྱིས་བོད་བསྒྱུར་ཞུས་པའི་ ”Mind In the Balance: Meditation in Science, Buddhism and Christianity” ”འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ། ཚན་རིག་དང་། ནང་ཆོས། ཡེ་ཤུའི་ཆོས་ལུགས་བཅས་ཀྱིས་སྒོམ་ལ་དཔྱད་པ” ཞེས་པའི་དེབ་འདི་ནི་རྩོམ་པ་པོས་འདས་པའི་བགྲང་བྱ་བཞི་བཅུ་ལྷག་རིང་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་ནང་པའི་ཞི་གནས་སྒོམ་སྒྲུབ་ནང་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཞིབ་མོར་གནང་སྟེ་རང་གི་མྱོང་བ་དངོས་ལ་གཞིགས་ནས་རིག་གསར་ཚན་རིག་དང་། ནང་པའི་ལྟ་གྲུབ། ཡེ་ཤུའི་ཆོས་ལུགས་བཅས་ཀྱི་ངོས་ནས་ཤར་ནུབ་ཏུ་དར་བའི་སྒོམ་གྱི་འཕེལ་རིམ་དང་དེ་དག་སོ་སོའི་གོ་དོན་འགྲེལ་ཚུལ་ཐད་གཞུང་ལུགས་སོ་སོའི་ལྟ་ཚུལ་ལ་ཞིབ་དཔྱད་གསལ་འགྲེལ་བཀོད་པའི་དཔྱད་གཞིའི་རྒྱུ་ཆ་གསར་གྲས་ཤིག་ལ་ངོས་འཛིན་ཞུ།

Cost: Rs: 230/-
Title: ཤེལ་དཀར་ཆོས་འབྱུང།
Author: ཤེལ་དཀར་བ་ངག་དབང་སྐལ་ལྡན་རྒྱ་མཚོ།
Description:

༄༅། །ཤེལ་དཀར་ཆོས་སྡེ་ནི་བོད་བཙན་པོའི་སྐབས། བོད་ཁམས་རུ་ལྔ་ལས། གཙང་ཁུལ་རུ་གཉིས་ཀྱི་ཡ་གྱལ་རུ་ལག་གི་ཁོངས་དང། དཔལ་ལྡན་ས་སྐྱ་པའི་སྐབས། བོད་ཁྲི་སྐོར་བཅུ་གསུམ་ལས། གཙང་ལ་སྟོད་ལྷོའི་ཁྲི་སྐོར། སྡེ་སྲིད་ཕག་མོ་གྲུ་པ་དང། སྡེ་པ་རིན་སྤུངས་པ། སྡེ་པ་གཙང་པ་བཅས་ཀྱི་སྐབས། ཤེལ་དཀར་ནི་ལ་སྟོད་ལྷོ་ཁུལ་རྫོང་ཆེན་ཞིག་ཡིན། དགའ་ལྡན་ཛྷཕོ་བྲང་པའི་སྐབས། ཤེལ་དཀར་ནི་ལ་སྟོད་སྤྱི་ཁྱབ་ཁོངས་ཀྱི་གཞུང་རྫོང་ཟིག་ཡིན། ད་ལྟའི་རྒྱ་ནག་གཟུག་གི་སྲིད་འཛིན་ལམ་ལུགས་ལྟར་ན། ཤེལ་དཀར་ནི་བོད་ལྗོངས་གཞིས་རྩེ་ས་གནས་དིང་རི་རྫོང་རྫོང་སྲིད་གཞུང་གནས་ཡུལ་དེ་ཡིན།།

Cost: Rs: 250/-
Title: བཞིན་བཟང་མ་གཏུམ་དྲག་རོལ་པའི་སྒྲུང་གཏམ།
Author: བློ་བཟང་རྒྱལ་མཚན།
Description:

༄། །སྒྲུང་གཏམ་འདི་ནི་རྒྱ་གར་ནང་གི་བོད་དགེ་ཟུར་པ་བློ་བཟང་རྒྱལ་མཙན་ལགས་ཀྱིས་བརྩམས་ཤིང་། ད་ལྟའི་ཆར་རྩོམ་པ་པོ་ནི་འབའ་དགོན་གྱི་མཁན་པོ་ཞིག་ཡིན། འདི་ཡི་བརྗོད་དོན་ནི། ལྷའི་དགའ་ཚལ་དང་མེ་ཏོག་མདའ་ཚལ་ཞེས་པའི་རྒྱལ་ཕྲན་གཉིས་ཀྱི་དམག་འཐབ་བརྗོད་བྱར་བྱས་ཤིང། དེ་བཞིན་འཇིག་རྟེན་གྱི་བྱ་བའི་འཇུག་ལྡོག་ལ་མཁས་པ་དང། བླུན་པོ་ཁྲེལ་གཞུང་ངོ་ཚ་ཡོད་མེད་ལས་ཡ་རབས་དང་མ་རབས། འདོད་པའི་དགའ་སྟོན་མགྲོན་དུ་གཉེར་བའི་གཏམ་གྱི་འགྱུར་ཁུག །གཡུལ་ངོར་དཔའ་བ་དང་སྡར་མའི་སྣམ་དབྱེ། གཞན་ཕན་ལྷག་བསམ་ཡོད་མེད་ཀྱི་རྒྱུའི་ཁྱད་པར་བཟང་ངན་ལས་འབྲས་བུའང་དེ་འདྲ་བྱུང་བ་མཐོང་ཆོས་སུ་གྱུར་པ་རྣམས་བླང་དོར་གྱི་གནད་མཚོན་པའི་འཇིག་རྟེན་མཐུན་འཇུག་དང་སྒོ་བསྟུན་ཏེ་རྣམ་པར་བཀོད་པའི་སྒྲུང་གཏམ་ཞིག་ཡིན།།

Cost: Rs: 170/-
Title: བོད་ཀྱི་བརྡ་སྤྲོད་ནག་ཊི་ཀཿ  བོད་ཀྱི་སྐད་ཡིག་ལག་བཅངས།
Author: ན་ག་སངས་རྒྱས་བསྟན་དར།
Description:

༑ བོད་ཀྱི་བརྡ་སྤྲོད་ནག་ཊི་ཀཿའདི་ལ་བོདཀྱི་སྐད་ཡིག་ལག་བཅངས་སུ་འབོད་ཀྱང་མ་འོས་པ་མེད་པར་སྙམ། འདི་ནི་བོད་ཀྱི་བརྡ་སྤྲོད་སློབ་གཉེར་བ་ཁོ་ནར་དམིགས་པ་ཞིག་གཏན་ནས་མིན་ཅིང་། འདི་ནི་བོད་ཀྱི་སྐད་ཡིག་སྤྱི་ལ་གཏིང་ཚུགས་པའི་ཤེས་ཚད་ཅིག་མངོན་དུ་བྱེད་པའི་བརྒྱུད་ནས་བོདཀྱི་སྐད་ཡིག་ནང་དུ་བཞུགས་པའི་རིག་གནས་ཀུན་ལ་འཇུག་སྒོ་དམ་པ་ཞིག་འབྱེད་པའི་ལྡེ་མིག་ཅིག་ཡིན། འདི་ཉིད་སློབ་སྤྱོང་ཚུལ་བཞིན་བྱེད་པ་ལ་བརྟེན་ནས་གསུང་རབ་ཀུན་གྱི་སྟེང་དུ་འཆད་རྩོད་རྩོམ་གསུམ་གྱི་བགྱི་བར་འཇུག་པ་བདེ་བླག་ཏུ་སོན་ཐུབ་པའི་རེ་བའམ་བྱེད་ཆོག །འདི་ནི་ལས་དང་པོ་བ་དང་ཉམས་ཞིབ་པ་གཉིས་ཀར་མཁོ་བའི་བོད་ཀྱི་བརྡ་སྤྲོད་ཀྱི་ཕྱག་དཔེ་ཞིག་ཡིན་ནོ།།

Cost: Rs: 425/-
Title: MY YOUTH IN TIBET
Author: Tsewang Sadutshang

Description:

My Youth in Tibet takes us back to a time when Tibet was a land that truly belonged to the Tibetans.In the first part of the book, the author vividly recounts instances that take place during her childhood and during the early part of her married life, with both candour and charm. In particular, we see the life of a woman who was not part of the nobility, unlike most memoirs of Tibetan women so far which have been of women from the nobility.
The second part of the book concentrates on the Regent Reting Rinpoche, her uncle. Here we are revealed intimate details of Reting Rinpoche, the person, and the much loved uncle. This entirely fresh perspective on the Regent is a welcome change from what has been written before about him.

Cost: Rs: 175/-
Title: अम्दो गेदुन छोफेल द्वारा विरचित शीर्षक
Author: गेदुन छोफेल
Translator: श्री रोशन लाल नेगी 'बिष्ट'
Description:
अम्दो गेदुन छोफेल द्वारा विरचित शीर्षक “भारतीय महातीर्थों की पथ प्रदर्शिका” का अनुवाद श्री रोशन लाल नेगी 'बिष्ट' द्वारा किया गया है। इस द्वितीय संशोधित संस्करण को तिब्बती ग्रन्थ एवं अभिलेख पुस्तकालय की ओर से प्रकाशित किया गया जो कि पाठकों के समक्ष प्रस्तुत है। यह तिब्बत के महापण्डित गेदुन छोफेल भगवान् बुद्ध के सूत्रों एवं शास्त्रों के आधार पर  स्वयं  सभी तीर्थों का भ्रमण कर जो अनुभव एवं विश्वास प्राप्त किये, उसके आधार पर तीर्थ स्थानों का पथ प्रदर्शक ग्रन्थ लिखा गया है।
Cost: Rs: 80/-
Title: Political and Military History of Tibet
Author: Gyaltse Namgyal Wangdue
Translated by: Yeshi Dhondup
Description:
The Political and Military History of Tibet is virtually the first comprehensive Tibetan military history. Based on many historical and biographical sources, including eyewitness accounts of many veterans of Tibetans' war of resistance against the Communist Chinese in 1950-59, as well as the author's own experience during his military service in Tibet, this volumne elaborates the evolution of the Tibetan Army and various wars it fought with foreign forces thoughout th Tibetan history, especially Sino-Tibetan political intricacies and Tibetan internal political struggle during the 18th and 19th centuries, as well as detail description of the XIV Dalia Lama's miraculous escape to India in 1959 on the eve of PLA's violent suppression.
The author, Namgyal Wangdu, is a retired army officer of the Special Frontier Force (SFF), also known by Est. 22, based in Dehradun, India. He also served as an army officer in the traditional Tibetan army until 1959.
Cost: Rs: 430/-
Title: བྱ་རྒྱུད་དོན་གསལ་མཁས་པའི་དགའ་སྟོན། ༼སྟོད་ཆ།༽
Author: ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
Description:
༄། །ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གསུང་འབུམ་པོད་༼ཏ༽ པའི་ནང་བཞུགས་པའི། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་དོན་རྣམ་པར་བཤད་པ་བྱ་བའི་རྒྱུད་ཀྱི་དོན་གསལ་མཁས་པའི་དགའ་སྟོན་དང། སྨྱུང་གནས་བླ་བརྒྱུད་གསོལ་འདེབས། མཆོད་ཕྲེང། སྨོན་ལམ་དང། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་བདག་མདུན་བུམ་གསུམ་ཆ་ལག་ཚང་བ། དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆོག །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཞི་བའི་སྦྱིན་སྲེག །ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་རྗེས་གནང་གི་ཆོ་ག །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྟ་གོན་དང་བཅས་པ་ད་ལམ་དེབ་ཕྲེང་བདུན་པ་དང་བརྒྱད་པ་སྟེ་སྟོད་སྨད་གཉིས་ཀྱི་ནང་དུ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོས་སྐོར་རྣམས་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་ཡོད།།

Cost: Rs: 305/-
Title: བྱ་རྒྱུད་དོན་གསལ་མཁས་པའི་དགའ་སྟོན། ༼སྨད་ཆ།༽
Author: ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
Description:
༄། །ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གསུང་འབུམ་པོད་༼ཏ༽ པའི་ནང་བཞུགས་པའི། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་དོན་རྣམ་པར་བཤད་པ་བྱ་བའི་རྒྱུད་ཀྱི་དོན་གསལ་མཁས་པའི་དགའ་སྟོན་དང། སྨྱུང་གནས་བླ་བརྒྱུད་གསོལ་འདེབས། མཆོད་ཕྲེང། སྨོན་ལམ་དང། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་བདག་མདུན་བུམ་གསུམ་ཆ་ལག་ཚང་བ། དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆོག །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཞི་བའི་སྦྱིན་སྲེག །ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་རྗེས་གནང་གི་ཆོ་ག །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྟ་གོན་དང་བཅས་པ་ད་ལམ་དེབ་ཕྲེང་བདུན་པ་དང་བརྒྱད་པ་སྟེ་སྟོད་སྨད་གཉིས་ཀྱི་ནང་དུ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོས་སྐོར་རྣམས་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་ཡོད།།

Cost: Rs: 290/-

Title: Hindi Journal भोटवाणी
Volume: 2012 वर्ष 3 अंक 1
Description: तिब्बत से सम्बन्धित अध्ययन हेतु प्रकाशन

Cost: Rs: 160/-
Title: From Tibet Confidential
Author: Jampa Samten & Nikolay Tsyrempilov
Description: The essence of this book is twenty four letters stored for decades on the shelves of the National Museum of Buriatia - reproduced here for the first time both as facsimile copies and in English translation. The letters cover a pivotal period of modern Tibet's history - 1911-1925 - when the Great Game entered its last dramatic stage. the British Raj and Russian emperor, Bolsheviks and academic explorers, Chinese president and French travelers - all these personages and discussed in the letters penned by the most important figures in the history of modern Tibet - the Thirteenth Dalai Lama Thupten Gyatso - and his well-known favorite officials, Sholkang Shappe and Tsarong Shappe. From hand to hand, envoys and pilgrims passed these letters on their long journey from Lhasa to South Siberia. Arriving at their destination at last, they were presented to their addressee. This was Agvan Dorzhiev, a personal tutor of the Dalai Lama, key person in Tibet-Russia relation and a man of outstanding significance in the Snowy Land's modern history.
The letter reveal the intricacies and entanglements of hidden Tibetan politics and the desperate efforts of the Tibetan authorities of the time to maintain the independence of their country. The book certainly serves as a good first hand source for students of Tibet's political history and the Great Games.

Cost: Rs: 270/-
Title: A Human Approach to World Peace
Author: His Holiness the XIVth Dalai Lama
Description: "A Human Approach to World Peace" is not complicated or even unusual. In fact, it is almost radical in its simplicity. Science and technology are indeed remarkable but alone are not enough to bring progress and contentment.

Cost: Rs: 30/-
Title: An Introduction to Buddhism and Tantric Meditation
Author: His Holiness the XIVth Dalai Lama
Description: The teaching of the Buddha can be summerised as dealing with conduct and view. Conduct refers to the way we should behave, which is essentially to be non-violent.
The compose of Tantric Meditation is to give an opportunity to people seriously interested in finding out about the practice of trantra the oppotunity to do so without the necessity of receiving prior empowerment.
Cost: Rs: 55/-
Title: Compassion and the Individual
Author: His Holiness the XIVth Dalai Lama
Description: In this small booklet he explains with utter clarity and reasoning why compassion is so inseparable from our human nature and how at any moment we can tap into and develop this birthright.

Cost: Rs: 25/-
Title: The Global Community and the need for Universal Responsibility
Author: His Holiness the XIVth Dalai Lama
Description: In this booklet, His Holiness offers a way of approaching the new plitical challenges of our rapidly changing world based on a genuine feeling of global and universal responsibility. His statement also affords insight into the way of thinking of one of today's truly great world leaders.

Cost: Rs: 30/-
Title: Towards a Nonviolent Mind
Author: Ravindra Verma, Anna Alomes
Description: How can we reduce the violent going on around us and lead happier more meaningful lives? What can we do to change a fearful or anxious state of mind into one that is relaxed, happy and compassionate in order to benefit ourselves and others?

In this book, the authors provide impressive answers and practical solution to these questions. By bringing forward the combined 20-year work of Western Scientists and Tibetan Meditatiors (including the Mind & Life group lead by H.H. The Dalai Lama). Cutting edge research is offered for transforming the mind from a negative to a positive states.....
Cost: Rs: 355/-
Title: The Tibet Journal
Volume: XXXVII
NO.: 2
Summer 2012 
Note: 
The Tibet Journal is a quarterly publication of the Library of Tibetan Works & Archives (LTWA) dedicated to the presentation of scholarly and general interest articles on Tibetan cultrure and civilzation by Tibetans and non-Tibetans.
Title: Power in Philosophy ( Two arguments for nonviolent today)
Author: Anna Alomes
Description: In a world witnessing social transformation by nonviolent means on the scale never before seen, this book offers a chllenge to philosophy to catch up and support these changes with the required foundations for sustaining peace in the 21st centuary and beyond.
Cost: Rs: 370/-
Title: གཏམ་ཚོགས།
Volume:2012 ལོ། 32 ཨང་ ༡
Description: བོད་འབྲེལ་ཤེས་ཡོན་གོ་རྟོགས་གོང་སྤེལ་འཆེད།
Cost: Rs: 240/-
Title: རྡུལ་སྙེད་འཇིག་རྟེན།
Author: ༸གོང་ས་ཏཱ་ལའི་བླ་མས་མཛད།
Description: དེང་རབས་ཀྱི་ཚན་རིག་དང་སེམས་དོན་རིག་པ་གཉིས་མཉམ་བརྩོན་གྱི་སྒོ་ནས་འགྲོ་བ་མིའི་ཁྱིམ་ཚང་ལ་ཕན་བདེ་བསྐྲུན་ཐབས།
Cost: Rs: 200/-
Title: Kalachakra Tantra
Author: Geshe Ngawang Dhargyey
Description: The Kalachakra initiation has now been given in the west on a number of occasions, yet authentic teachings of this ancient tradition remain rare. Here is presented a commentary given by Geshe Ngawang Dhargyey, which contains explainations and advice concerning the various commitments and initial practices peculiar to the Kalachakra system within the context of Higher Yoga Tantra and Mahayana Buddhist practice in general.
Cost: Rs: 285/-
Title: དཔྱད་བརྗོད་རྩོམ་ཡིག་གཅེས་བཏུས།
Author: སོ་རུ་བློ་བཟང་དར་རྒྱས།
Description: འདི་ན་རྒྱུན་མར་མཁོ་བའི་བོད་ཀྱི་སུམ་རྟགས་དང། སྙན་ངག ཚིག་རྒྱན། མི་རིགས་ཀྱི་འདུ་ཤེས། བརྩམས་སྒྲུང་འཕེལ་རྒྱས་བྱུང་ཚུལ། རིག་གཞུང་དང་འབྲེལ་བའི་དྲི་བ་དྲིས་ལན། ཤེས་ཡོན་སྦྱོང་ཚུལ། བོད་སྨན་གྱི་སྡེབ་སྦྱོར་ལ་དོགས་སློང། ༸སྐྱབས་མགོན་ཀིརྟི་ཚང་གི་སྐུ་ཕྲེང་དང་འབྲེལ་བའི་གལ་ཆེའི་ལོ་ཚིགས་སྐོར་བཅས་ཀྱི་དཔྱད་བརྗོད་ཡིད་ཀྱི་བཞད་ཁ་འབྱེད་པ་ཞེ་གཅིག་བཏུས་པའི་བརྩམས་ཆོས་ཕུན་སུམ་ཚོགས་པ་བཞུགས་ཡོད་དོ།
Cost: Rs: 225/-
Title: དངོས་ཡོད་ཀྱི་འཇིག་རྟེན།
Author: ཨ་མཆོག་བློ་བཟང་རྣམ་རྒྱལ།
Description: དངོས་ཡོད་ཀྱི་འཇིག་རྟེན་ཞེས་པའི་དེབ་ཕྲེང་འདི་ནི་སངས་རྒྱས་ཆོས་ལུགས་དང་རིག་གསར་ཚན་རིག་དབར་གྱི་འབྲེལ་ལམ་ལས་བརྩམས་པའི་དཔེ་དེབ་ཞིག་ཡིན། བརྗོད་དོན་གཙོ་བོ་ནི་ཚན་རིག་གི་ལེའི་ཐོག་མར་འཕོས་སའི་གྷི་རིག་གི་ལྟ་གྲུབ་སྨྲ་བ་རྣམས་དང་ནང་ཇའི་མཚན་ཉིད་རིག་པ་བའི་ཀླད་པའི་རྒྱ་ཁྱོན་དབར་གྱི་ཧེ་བག་དང། གདོད་མའི་དངོས་ཁམས་རིག་པ་བའི་བསམ་བློ་དང་ནང་པའི་ལོ་པཎ་དག་གིས་བསམ་བློའི་དབར་གྱི་འགལ་འབྲེལ། ལྷག་པར་དུ་དེང་དུས་ལྟོས་གྲུབ་སྨྲ་བ་དང་ཚད་རྗུལ་རིག་པ་བ་རྣམས་དང་ནང་བའི་ལྟ་གྲུབ་སྨྲ་བ་དག་གིས་ཕུགས་ཀྱི་བསམ་འདུན་གཅིག་ཏུ་འབྲེལ་ཚུལ་སོགས་ཁྱོན་ཡོངས་ནས་ཉམས་ཞིབ་བརྒྱུད་འབྲི་རྩོམ་བྱས་པ་ཞིག་ཡིན།  དཔེ་དེབ་འདི་ནི་དམིགས་བཀར་སངས་རྒྱས་ཆོས་ལུགས་དང་རིག་གསར་ཚན་རིག་དོན་གཉེར་ཅན་རྣམས་ལ་དཔྱད་གཞིའི་ཡིག་ཆ་ཞིག་ཏུ་ངོས་འཛིན་ཞུ་བ་དང། དཔེ་དེབ་འདི་ཉིད་ལས་ཆོས་ཚན་འབྲེལ་ལམ་སྐོར་ལ་ཞིབ་འཇུག་དང་དོན་གཉེར་ཅན་ཚོར་ཕན་ཐོགས་ཡོང་བའི་རེ་བ་ཆེར་བརྟས།
Cost: Rs: 150/-
Title: མཐོང་ཐོས་མྱོང་ཚོར་ལོ་རྒྱུས།
Author: ཐུབ་བསྟན་བསྟན་འཛིན།
Description: ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༢༨ པ་འདིའི་ནང་དོན། སྐུ་ཞབས་ཐུབ་བསྟན་བསྟན་འཛིན་ལགས་རྒྱལ་ས་ལྷ་སའི་ཉེ་འཁྲིས་སྟོད་ལུང་བདེ་ཆེན་རྫོང་དམར་གྲོང་ཚོའི་དར་གླིང་ཁྱིམ་ཚང་དུ་འཁྲུངས་ཤིང་། རྩེ་རྣམ་རྒྱལ་གྲྭ་ཚང་དུ་ཆོས་ཞུགས་འདོན་མཆོད་ཕྱག་ལེན་སློབ་གཉེར་དང་སྒྲིག་ལམ་རྣམ་གཞག་འགྲིམས་སྐོར། ༸རྒྱལ་བའི་ཚོགས་ཕེབས་མཛད་ཆེན་ལ་སྤྱན་རྒྱ་བའི་འགན་འཁུར། རྒྱ་དམར་བོད་དུ་བཙན་འཛུལ་དྲག་གནོན་ཛ་དྲག་དབང་གིས་ལྷ་སར་བཞུགས་བློས་མ་བཟོད་པར་བཙན་བྱོལ་དུ་ཕེབས་རིམ། རྒྱ་གར་ནང་ཨ་སམ་མི་ས་མ་རི་དང། སྦག་ས། ཌལ་ཧོར། མ་སུ་རི་སོགས་སུ་བོད་གཞུང་གི་ལམ་སྟོན་འོག་ཕྱི་ནང་ཤེས་ཡོན་སྦྱང་བརྩོན། དབྱིན་ཡུལ་བོད་ཁྱིམ་ཁང་དུ་ལས་རོགས་ཞབས་ཞུ། ནོར་ཝེ་ཁུལ་བོད་དགེའི་ལས་ཁུར། སློབ་ཐོན་རྗེས་འབྲེལ་དཔར་ལས་སུ་ཞུགས་པ། རང་གཞུང་མཆོག་གི་སྐུ་དྲིན་གསོབ་ཆེད་རྒྱ་གར་དུ་ཕྱིར་བཅར་སྐུ་ཚབ་སྔ་ཕྱི་དང། གློ་དམག་སྒར་སོགས་བོད་སྤྱིའི་ལོ་རྒྱུས་མཚོན་པའི་གློག་བརྙན་ཁག་ཕྱོགས་སྒྲིག་སོགས་བོད་མི་ཞིག་གི་རྒྱལ་ཞེན་ལྷག་བསམ་ཇི་བཅངས་ཀྱི་གནས་ལུགས་ཁག་གསལ་ཡོད།
Cost: Rs: 310/-
Title: The Tibet Journal
Volume: XXXVI
NO.: 4
Winter 2011
Note: The Tibet Journal is a quarterly publication of the Library of Tibetan Works & Archives (LTWA) dedicated to the presentation of scholarly and general interest articles on Tibetan cultrure and civilzation by Tibetans and non-Tibetans
Title: གཏམ་ཚོགས།
Volume: 2 ལོ། ༣༡
Description: བོད་འབྲེལ་ཤེས་ཡོན་གོ་རྟོགས་གོང་སྤེལ་འཆེད།
Cost: Rs: 140/-
Title: Hidden Tibet
Author: S.L.Kuzmin
Description: This book traces the history of Tibetan statehood from ancient times to our days, describes the life of the Tibetans at the times of Feudalism and Socialism, the coercive inclusion of Tibet into People's Republic of China, the suppression of the national liberation movement, the Cultural Revolution, and subsequent reforms. Many pictures and data concerning these events are being published for the first time.
Cost: Rs: 985/-
Title: བཀའ་བབས་འདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། (rNam-Thar Series 6)
Author: རྗེ་བཙུན་ཏཱ་ར་ནཱ་ཐ།
Description: བཀའ་བབས་བདུན་ལྡན་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གསང་སྔགས་བླ་མེད་ཀྱི་གདམས་ངག་བདུན་གྱི་གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་ཡིན། འདི་ཉིད་ཕྱི་ལོ་ ༡༩༡༤ ལོར་རྗར་མན་སྐད་དུ་བསྒྱུར་ཏེ་ཕྱི་ལོ་ ༡༩༨༣ ལོར་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན། རང་རེ་བོད་ཀྱི་སྐད་དུ་ནི་རྗེ་བཙུན་ཏཱ་ར་ནཱ་ཐས་༼༡༥༧༥-༡༦༣༤༽ རང་ཉིད་དགུང་ལོ་ཉེར་ལྔ་སྟེ་ཕྱི་ལོ་ ༡༦༠༠ ལོར་མཛད་དེ་གསུང་འབུམ་གྱི་ཁྲོད་དུ་བཞུགས་ནའང། རྒྱ་ཆེའི་མང་ཚོགས་ཀྱི་མདུན་དུ་ཞིབ་ཀློག་བདེ་བའི་དེབ་གཟུགས་ལོགས་སུ་ད་རེས་ཐོན་པ་དང་པོ་ཡིན། ད་ལམ་འདི་ནས་དཀར་ཆག་ཤིན་ཏུ་གསལ་བར་བཀོད་པས་མ་ཚད་ཞུས་དག་ངེས་པ་འདྲོངས་པ་གླེང་བརྗོད་དང་བཅས་ཏེ་རྣམ་ཐར་དེབ་ཕྲེང་དྲུག་པར་དཔར་སྐྲུན་ཞུས་ཡོད་པས་ཀུན་ལ་གཅིག་ཏུ་ཕན་གྱུར་ཅིག་གུ།
Cost: Rs:180/-
Title: རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། (Nang Choe Series 6)
Author: མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད།
Description: མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་འདི་ཡི་མ་ཕྱི་ནི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡིག་ཆའི་ཁྲོད་དུ་བཞུགས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་མ་དཔེ་དེ་ཉིད་གཙོར་བཟུང་བྱས་པ་ཞིག་ཡིན། མཛད་པ་པོ་འདི་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཡང་ཡིན་ཅིང། ཤར་རྒྱལ་ཙོང་ཁ་པའི་ཐུགས་སྲས་ནི་ཁོང་ཉིད་ལགས་སོ། ཀུན་ལ་ཕན་པར་གྱུར་ཅིག
Cost: Rs:280/-
Title: བོད་ཀྱི་ཚན་རི་ག་དུས་དེབ། Science Journal - 15
Volume : སྤྱིའི་འདོན་ཐེངས། ༡༥
Cost: Rs:
Title: ཟླ་བའི་ནང་གི་རི་བོང།
Author: Vero Nika Leo
Translator: Sonam Gyatso
Description: ཝི་རོ་ནི་ཀ་ལིའོས་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བོད་ཕྲུག་ཚོའི་ཆེད་དུ་སྐྱེས་རབས་ནས་གསུང་པའི་སྒྲུང་གཏམ་ཞིག་བསྐྱར་དུ་བཤད་པ།
Cost:Rs:190/-
Book Title and Description
Book coverDetails
Title: Ladakhi Histories (Local and Regional Perspectives)
Edited By: John Bray
Description: Ladakh's geographical location between the Himalaya and Karakoram mountains has exposed it to competing political and cultural influences from India, Central Asia and Tibet. This book points to Ladakh's distinct local identity, but argues that its historical development can best be understood in a wider regional perspective. it contains twenty-three research papers from the International Association of Ladakh Studies ( IALS ), and draws on contributions from historians, art historians, linguists and anthropologists. Their sources include Ladakhi historical documents, comparative linguistic research, visual evidence from temple architecture and inscriptions, Mughal biographies, European travel accounts, government records, trade receiptes, and local oral tradition. Taken together, the volumn provide a much richer view of Ladakhi history than was previously available, and makes a significant contribution to the study of the wider Himalayan region.
Cost: Rs: 600/-
Title: Speeches of His Holiness the XIV th Dalai Lama (1959 - 1989)
Translated By: Sonam Gyatso
Description: Speeches of His Holiness the XIV th Dalai Lama (1959 - 1989): Addressed to the Kashag, Asembly of Tibetan People's Deputies and Civil Servants
Cost: Rs: 330/-
Title: Hindi Journal भोटवाणी
Volume: 2012 वर्ष 2 अंक 2
Description: तिब्बत से सम्बन्धित अध्ययन हेतु प्रकाशन

Cost: Rs: 160/-
Last Updated on Thursday, 03 January 2013 09:47