Tuesday 21 January 2014

A SPECIAL BUDDHIST PHILOSOPHY CLASS


The LTWA is happy to announce to have a special eight-day Buddhist philosophy class for Tibetans in general and especially for the young CTA and NGO staff members around Gangchen Kyishong from February 19 to February 28 2014. Geshe Lhakdor will teach from the Eight Points of Mind Training. There will also be opportunity for you to ask question and clarify your doubts. The teaching will be in Tibetan and there will be no translation. Those who are interested kindly register at the office.

Teacher:  Geshe Lhakdor
Text: The Seven Points of Mind Training
Date: 19-28 February 2014
Time: 5:30 pm-6:30 pm 
Venue:  LTWA Buddhist philosophy classroom

བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭའི་གསལ་བསྒྲགས།


བོད་ཀྱི་དཔེ་མཛོད་ཁང་ནས་སྤྱིར་རྒྱ་ཆེ་མང་ཚོགས་དང་སྒོས་སུ་བོད་མིའི་སྒྲིག་འཛུགས་དང་གངས་སྐྱིད་གཡས་གཡོན་དུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་ཕྱག་ལས་གནང་བཞིན་པའི་ན་གཞོན་རྣམས་ཀྱི་ནང་ཆོས་གོ་རྟོགས་གོང་མཐོར་ཡོང་སླད། སྤྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ ནས་ ཟླ་ ༢ ཚེས་ ༢༨ བར་ཏེ་ཉིན་གྲངས་བརྒྱད་རིང་དགེ་བཤེས་ལྷག་རྡོར་མཆོག་གིས་བློ་སྦྱོང་དོན་བདུན་མའི་འགྲེལ་བ་བོད་སྐད་ཐོག་སློབ་ཁྲིད་གནང་རྒྱུ་དང་། དོ་བདག་སོ་སོ་ནས་དྲི་ལན་དང་དོགས་གཅོད་གནང་རྒྱུའི་གོ་སྐབས་ཡོད་པས་དོན་གཉེར་ཅན་རྣམས་ནས་འདི་གའི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས་པའི་གསལ་བསྒྲགས་སུ།། 

དགེ་རྒན།  དགེ་བཤེས་ལྷག་རྡོར།
སློབ་ཚན། བློ་སྦྱོང་དོན་བདུན་མ།
ཟླ་ཚེས། སྤྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༩ ནས་ ༢༨ བར།
དུས་ཚོད།  དགོང་དྲོའི་ཆུ་ཚོད་ ༥།༣༠ ནས་ ༦།༣༠ བར། 
ཚོགས་ཁང༌།  བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་ཁང་། 

ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༡ ཚེས་ ༡༥ ཉིན་གསལ་བསྒྲགས་སུ།། 

No comments:

Post a Comment